ལྷ་སས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
སྤེལ་བའི་དུས་ཚོད། : 2017-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2016ལོའི་ལོ་འགོར། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ཚན་པའི་མིང་ཐོའི་ནང་བཅུག་ཡོད་པས། ལྷ་སའི་ཡུལ་སྐོར་གོང་འཕེལ་ལ་གོང་འཕེལ་གོ་སྐབས་གསར་པ་སྣོན་ཡོད། ལོ་གཅིག་ལྷག་ཙམ་ཚུན། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་རྒྱུས་ལྟེ་བ་བྱས་ནས། ཡུལ་སྐོར་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་ཟམ་མི་ཆད་པ་བཏང་ཡོད་པ་རེད།

ད་ལོའི་སྤྱི་ཟླ་༡པོ་ནས་༩པའི་བར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་དང་ལྔ་འབུམ་ལྔ་ཁྲི་དྲུག་སྟོང་བརྒྱད་བརྒྱར་སྣེ་ལེན་ཞུས་ཡོད་པས། དུས་མཚུངས་ལས་མིའི་ཐེངས་གྲངས་ས་ཡ་གཉིས་དང་ཉིས་འབུམ་ཆིག་ཁྲི་མང་དུ་ཕྱིན་ཡོད་ཅིང་། བརྒྱ་ཆ་༡༧འཕར་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དུ་ཁྱོན་ཡུལ་སྐོར་ཐོན་ལས་གླིང་ཁུལ་གཉིས་དང་། Aརིམ་པའི་མཛེས་ལྗོངས་ཁུལ་༢༠ སྐར་མ་རིམ་པའི་མགྲོན་ཁང་༡༤༡ ཡུལ་སྐོར་སྣེ་ལེན་ཁང་༢༠༠ལྷག་ཙམ་བཅས་ཡོད་པ་དང་། ཆེད་ལས་ཡུལ་སྐོར་སྣེ་ཤན་པ་3200ལྷག་ཙམ་དང་། ཡུལ་སྐོར་འཁྲབ་སྟོན་ལེ་ཚན་༥ ཡུལ་སྐོར་གྲོང་ཚོ་དང་གྲོང་བརྡལ་༥བཅས་ཡོད་པ་རེད། ཡུལ་སྐོར་ཐོན་ལས་ཀྱི་ལས་ཀ་བྱེད་མཁན་མི་ཆིག་འབུམ་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་ལྷག་ཡོད་པ་དང་། དེའི་ཁྲོད་ཞིང་འབྲོག་མང་ཚོགས་མི་ཉིས་ཁྲི་ཟིན་གྱི་ཡོད། ལྷ་ས་གྲོང་ཁྱེར་ལ་སྔ་རྗེས་སུ་རྒྱལ་སྤྱིའི་ཆེས་ཡིད་དབང་འགུག་ཤུགས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་སོགས་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨེ་ཤེ་ཡ་ཤར་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཆེས་དགའ་བསུ་ཐོབ་པའི་གྲོང་ཁྱེུར་ཉག་གཅིག་ལ་འདམས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། དབང་འདུས།