སྤྱི་ལོ་༢༠༡༦ལོའི་ལོ་མཇུག་བར་སླེབས་དུས་བོད་ལྗོངས་ཀྱི་རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མིའི་ཐེངས་གྲངས་ས་ཡ་གསུམ་ལྷག་ཟིན་པ།
སྤེལ་བའི་དུས་ཚོད། : 2017-11-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚོགས་འགན་སྲུང་ནི་རྒྱལ་ཁབ་བདེ་འཇགས་ཡོང་བའི་འཐབ་ཇུས་དང་ཞི་མཐུན་ཡོང་བའི་རྨང་གཞི་ཡིན་ཞིང་། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་སྟོན་གྲངས་མཐོ་རུ་གཏོང་བའི་ཐབས་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་ལྔའི་ནང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཁྱོན་ཡོངས་ལ་ཁྱབ་པ་དང་གཞི་རྩའི་འཚོ་བ་འགན་སྲུང་། བང་རིམ་མང་བ། རྒྱུན་མཐུད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དྲང་བཞག་རང་བཞིན་མཐོ་རུ་གཏོང་བ་དང་། འཁོར་རྒྱུག་རང་བཞིན་དང་འཚམ་པ། རྒྱུན་མཐུད་རང་བཞིན་ནས་འགོ་འཛུགས་རྒྱུ་འགན་ལེན་བྱེད་པ་བཅས་ནས། སྲིད་ཇུས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱབ་ཚད་ཆེ་རུ་འགྲོ་རྒྱུ་འགན་སྲུང་། ཐོབ་ཐང་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཟིན་པ་བྱས་ཡོད། སྤྱི་ལོ་༢༠༡༦ལོའི་ལོ་མཇུག་བར་སླེབས་དུས། ལྗོངས་ཡོངས་ཀྱི་རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མིའི་ཐེངས་གྲངས་ས་ཡ་གསུམ་ལྷག་ཟིན་པ་དེ། སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ལས་མིའི་ཐེངས་གྲངས་དྲུག་འབུམ་ལྷག་མང་དུ་ཕྱིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།