བོད་ལྗོངས་ཀྱི་དབུལ་ཐར་རྫོང་༼ཆུས༽ལྔ་བཅས་དངོས་སུ་ཁྱབ་བསྒྲགས་བྱས།
སྤེལ་བའི་དུས་ཚོད། : 2017-11-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡་ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱིས་གསར་འགྱུར་བསྒྲགས་ཀྱི་རྣམ་པའི་ཐོག་ནས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་དང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་བཅས་དབུལ་ཕོངས་རྫོང་༼ཆུས་༽ལྔ་དབུལ་གྲོལ་བྱུང་བ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་གྲོལ་འགག་གཏོར་བཀོད་འདོམས་པུའི་སྤྱིའི་ཁྱབ་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྤྱི་ལོ་༢༠༡༦ལོར་གོང་གསལ་གྱི་རྫོང་༼ཆུས༽ལྔ་པོ་དེ་དག་གི་ཐེམ་དུད་༦༧༣༩དང་མང་ཚོགས་མི་གྲངས་༢༣༢༨༥་དབུལ་ཕོངས་ཀྱི་འཚམ་ཐིག་ནས་རྒལ་ཏེ་དབུལ་ཕོངས་ཐོན་ཚད་བརྒྱ་ཆ་༣མན་ཆད་ཆག་ནས། ལྗོངས་ཡོངས་ཀྱི་སྔོན་ལ་དབུལ་ཞྭ་ཕུད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་མ་ཟད་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་ཆེད་དོན་ཞིབ་དཔྱད་ཀྱི་ཚད་གཞི་ཡང་ལོན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

གསར་འགོད་པ། བསྟན་དབང་། བདེ་དཔལ།