ལྗོངས་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ལ་གནོད་པའི་སྐྱེ་དངོས་འགོག་བཅོས་དང་ནད་ཡམས་ཞིབ་བཤེར་བྱ་ཐབས་འཆར་ཟིན་ལ་ཞིབ་འཇུག་བྱས་པ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་དུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་ནས། བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ལ་གནོད་པའི་སྐྱེ་དངོས་འགོག་བཅོས་དང་ནད་ཡམས་ཞིབ་བཤེར་བྱ་ཐབས་འཆར་ཟིན་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།

  ཚོགས་འདུའི་ཐོག ཕྱོགས་ཁག་གི་བསམ་འཆར་བསྡུ་རུབ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ལ་གནོད་པའི་སྐྱེ་དངོས་འགོག་བཅོས་དང་ནད་ཡམས་ཞིབ་བཤེར་བྱ་ཐབས་འཆར་ཟིན་ལ་སྔར་བས་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མཐུན་ལ་རང་ལྗོངས་ཀྱི་དོན་དངོས་དང་འཚམས་པ། གོ་བདེ་ཞིང་ཤེས་སླ་བ། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་བཟོ་དགོས་པ་དང་། གཙོ་གནད་སྔར་བས་མངོན་ཆེར་འཛིན་ནས་སྔོན་འགོག་གཙོ་བོ་བྱེད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཁྲིམས་ལྟར་ལྟ་འདོམས་བྱེད་པ། འགན་སེམས་ཆེ་རུ་གཏོང་བ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ནས་རྩ་བ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ལས་བགོས་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་འགོག་བཅོས་གེགས་སེལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ནགས་ལས་ལ་གནོད་པའི་སྐྱེ་དངོས་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་བཏང་ཐོག་གལ་ཆེའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།