བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་གཞུང་ཞབས་པ་བསྡུ་བའི༢༠༡༧ལོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། དྲུང་ཡིག་ཆེན་མོ། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྥང་ལིང་མིང་གིས་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་ནས། སྤྱི་ལོ ༢༠༡༧ ལོའི་བོད་དུ་བོད་རྒྱ་སྐད་གཉིས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

  ཚོགས་འདུའི་ཐོག རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པ་དང་མཐོ་རིམ་སློབ་གྲྭ་ཁག་ནས་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་འཁུར་གནང་བ་དང་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལ་མཐོང་ཆེན་གནང་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་། སྐུལ་སློང་གཏིང་ཟབ་བྱས་ནས་ལོ་འདིའི་སློབ་ཐོན་སློབ་མར་ཐེངས་འདིའི་མི་བསྡུ་བའི་ལས་དོན་གྱི་གལ་ཆེའི་དོན་སྙིང་དང་འབྲེལ་ཡོད་སྲིད་ཇུས་གསལ་བཤད་ཡག་པོ་བྱེད་དགོས་པ། སྲིད་ཇུས་ཁོང་དུ་ཆུད་པ་བྱས་ནས་མི་བསྡུ་བའི་ལས་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་དགོས་པ། ལས་དོན་ཞིབ་ཕྲ་སྤེལ་ནས་ལས་འཛོལ་མི་ཐོན་པ་བྱེད་དགོས་པ། སྒྲིག་ཁྲིམས་ནན་པོ་སྲུང་ནས་གཡོ་རྫུན་གྱི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་མི་བསྡུ་བའི་ལས་དོན་ལེགས་གྲུབ་ཡོང་བ་དང་བྱ་བ་བཟང་པོ་དེ་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།