གཟི་རྩ་་སྡེ་དགུའི"8•8"ས་ཡོམ་རིམ་པ་7.0གྱིས་གཟི་ཚ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་གཉིས་ཀྱི་སློབ་གྲྭ་25ལ་གནོད་སྐྱོན་ཐེབས་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། གཟི་རྩ་སྡེ་དགུའི"8•8"ས་ཡོམ་རིམ་པ་7.0གྱིས་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་གཉིས་ཀྱི་སློབ་གྲྭ་25ལ་གནོད་སྐྱོན་ཐེབས་ཡོད་པ་རེད།

  བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཐེངས་འདིའི་ས་ཡོམ་གྱིས་སློབ་གྲྭའི་སློབ་ཁང་སྨི་གྲུ་བཞི་མ་ཁྲི་8ལྷག་ཙམ་ལ་གནོད་སྐྱོན་ཐེབས་པ་དང་། ལུས་རྩལ་ར་བ་སྨི་གྲུ་བཞི་མ་ཁྲི་5ལྷག་ཙམ་ལ་གནོད་སྐྱོན་ཕོག་པ། གྱང་ར་སྨི་8543དང་བགྲོད་ལམ་སྨི་1803 བརྩིགས་གྱང་སྨི་གྲུ་བཞི་ལྷམ་པ་2695 སློབ་གྲྭའི་སྒྲིག་ཆས་988(འཕྲུལ་ཆས་དང་ལྷུ་ལག) སྒྲོག་ཙེ་དང་རྐུབ་སྟེགས་350 དཔེ་དེབ་200ཙམ་བཅས་བརླག་ཡོད་པ་རེད།

  ད་ལྟ། སློབ་གསོ་སྡེ་ཁག་རིམ་པ་ཁག་གིས་གནོད་སྐྱོན་བྱུང་ཚུལ་ཕྱོགས་བསྡོམས་དང་། ཉེན་ཡོད་སློབ་ཁང་ཞིབ་བཤེར། སེམས་ཁམས་གསོ་བ་སོགས་ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཧུར་ཐག་ངང་སྤེལ་ཏེ་སྟོན་དུས་ཀྱི་སློབ་འགོ་ཚུགས་ཐུབ་པའི་གྲ་སྒྲིག་བཟང་པོ་བྱེད་བཞིན་ཡོད་པ་རེད།

                                           རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།