བོད་ཀྱི་སློབ་གྲྭ་ཆེ་མོ་བས་དམག་སྐུལ་དང་ལེན་ནང་མིང་ཐོ་འགོད་ཚད་ཟིན་ཐོ་གསར་པ་གཏོད་པ།
སྤེལ་བའི་དུས་ཚོད། : 2017-07-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཚེས་12ཉིན་གསར་འགོད་པར་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2017ལོའི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག སློབ་གྲྭ་ཆེ་མོ་བའི་ལོ་ན་རན་པའི་གཞོན་ནུ་དམག་ནང་ཞུགས་སེམས་ཆེ་རུ་ཕྱིན་ནས་དྲ་ཐོག་ནས་དམག་སྐུལ་དང་ལེན་ནང་མིང་ཐོ་འགོད་མཁན་གྱི་མི་གྲངས་ཀྱིས་བོད་ཀྱི་དམག་དཔུང་ནང་ཞུགས་རྒྱུར་མིང་ཐོ་འགོད་མཁན་མི་གྲངས་ཡོངས་ཀྱི་བཅུ་ཆ་བཞི་ལྷག་ཙམ་ཟིན་པས་མིང་ཐོ་འགོད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད་པ་རེད།

  “ཁྱེད་དམག་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་ཡིན་ནམ”ཞེས་པ་དེ་ནི་བོད་ལྗོངས་སློབ་ཆེན་དངུལ་རྩའི་ཚན་ཁག་གི་སློབ་མ་ཕུར་བུ་ཚེ་རིང་གིས་སློབ་གྲོགས་འཕྲད་རིམ་བཞིན་སྐད་ཆ་དེ་ལྟར་འདྲི་ཡི་ཡོད། ཉིན་ཤས་བསྟུད་མར་ཕུར་བུ་ཚེ་རིང་གི་ཉལ་ཁང་གཅིག་པ་ཡིན་པའི་སློབ་གྲོགས་6ཚང་མ་དམག་ནང་ཞུགས་རྒྱུར་མིང་ཐོ་བཀོད་ཅིང་། བོད་ཀྱི་མཐོ་སློབ་ཁག་ཏུའང་དམག་སྐུལ་དང་ལེན་ནང་མིང་ཐོ་འགོད་རྒྱུ་དེ་སློབ་གྲྭ་ཆེ་མོ་བའི་ལས་རིགས་གདམ་ག་བྱེད་པའི་འཕེལ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

  མིག་སྔར། རིམ་ཁག་དམག་བསྡུ་གཞུང་ལས་ཁང་དང་། སློབ་གསོ་སྡེ་ཚན། དྲིལ་བསྒྲགས་སྡེ་ཚན་བཅས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་མཐོ་སློབ་ཁག་གི་སློབ་གྲྭ་ཆེ་མོ་བ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་ས་ཆ་དེ་རང་དུ་གཏན་འཁེལ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།