​ ལས་གཏོད་གསོ་སྦྱོང་གི་འཆད་ཁྲིད་དགེ་རྒན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ།
སྤེལ་བའི་དུས་ཚོད། : 2017-07-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ཆར་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་དགེ་རྒན་གྱི་སྤེལ་རེས་ཚོགས་འདུ་དང་ལས་གཏོད་གསོ་སྦྱོང་གི་འཆད་ཁྲིད་དགེ་རྒན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ལྷ་སར་བདེ་བླག་ངང་གཉེར་བ་རེད།

  ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་ནང་ལྗོངས་ཕྱི་ནང་གི་རྒྱལ་ཁབ་རིམ་པའི་ལས་གཏོད་གསོ་སྦྱོང་དགེ་རྒན་ལྔ་དཔྱད་ཞིབ་ཨུ་ཡོན་ལ་གདན་དྲངས་པ་དང་ཛ་དྲག་གི་འགྲན་བསྡུར་བྱས་མཐར་བདམས་ཐོན་པ་ལྔ་འབུར་དུ་ཐོན་པ་རེད། འགྲན་བསྡུར་ལ་བསྟན་འཛིན་ཤེས་རབ་ལ་ཨང་དང་པོ་དང་། ལིའུ་ཧྲོང་ལ་ཨང་གཉིས་པ། བཀྲ་ཤིས་རྡོ་རྗེ་དང་། ཚེ་རིང་འགྱུར་མེད། ཏེང་ཅུན་ཧྭ་བཅས་ལ་ཨང་གསུམ་པ་ཐོབ་པ་རེད། རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱིས་ད་ཐེངས་འགྲན་བསྡུར་གྱི་ཨང་དང་པོ་དང་གཉིས་པ་ཐོབ་མཁན་ཟླ་བ་དགུ་པར་འཚོག་རྒྱུའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་འོས་སྦྱོར་བྱ་རྒྱུ་རེད།