ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་བཞི་པ་ཟླ་དགུ་པའི་ནང་སློབ་མ་བསྡུས་སྟེ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ལམ་ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་ཚེ་རིང་ཐར་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་བཞི་པའི་འཛུགས་སྐྲུན་གྱི་ལས་གཞི་ལ་ལྟ་ཞིབ་དུ་སོང་བ་རེད།ཁོང་གིས་སློབ་གྲྭའི་འཛུགས་སྐྲུན་གྱི་མྱུར་ཚད་དང་སྒྲིག་བཀོད་སྒྲིག་ཆས་ཐད་ཀྱི་ཉོ་སྒྲུབ།དགེ་རྒན་དང་སློབ་མའི་ཉལ་ཁང་གི་བསྒྱུར་བཀོད་ལ་སོགས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་།དེ་མིན་དངོས་ཡོད་ཀྱི་དཀའ་ངལ་གནད་དོན་ལ་དམིགས་ནས་བསམ་འཆར་གལ་ཆེན་བཏོན་པ་རེད།

  ཁུལ་དཔོན་ཚེ་རིང་ཐར་གྱིས་གསུང་དོན།སློབ་གྲྭའི་བཟོ་སྐྲུན་གྱི་སྤུས་ཚད་དམ་འཛིན་བྱས་པའི་རྨང་གཞི་སྟེང་ནས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་ཟླ་བརྒྱད་པའི་ནང་ལེགས་འགྲུབ་འབྱུང་རྒྱུ་དང་ཟླ་དགུ་པའི་ནང་སློབ་མ་ནང་དུ་བསྡུས་ནས་བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

གསར་འགོད་པ།རྡོ་རྗེ་སྒྲོལ་མ།