རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་ད་ལོ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུ་བའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་དུས། གསར་འགོད་པས་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་ད་ལོ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུ་བའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་རང་ལྗོངས་ཀྱིས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ཡོད།

  རིག་གནས་ལོ་རྒྱུས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་ཁག་ཐེངས་དང་པོའི་སློབ་བསྡུའི་སློབ་གྲྭར་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སྐར་གྲངས ༣༥༦ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༤༢༠ ཡིན་དགོས་པ་དང་། དངོས་གཞིའི་ཚན་ཁག་གི་ཁག་ཐེངས་གཉིས་པའི་སློབ་བསྡུའི་སློབ་གྲྭར་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས ༢༦༠ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༣༢༥ ཡིན་དགོས་པ། མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་སྦྱོང་ཚན་ཁག་ལ་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས ༢༣༠ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༢༥༠ ཡིནདགོས་པ་བཅས་རེད།

  རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་ཁག་ཐེངས་དང་པོའི་སློབ་བསྡུའི་སློབ་གྲྭར་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས ༢༨༥ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༤༡༥ ཡིན་དགོས་པ་དང་། དངོས་གཞིའི་ཚན་ཁག་གི་ཁག་ཐེངས་གཉིས་པའི་སློབ་བསྡུའི་སློབ་གྲྭར་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས ༢༡༥ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༢༩༠ ཡིན་དགོས་པ། མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་སྦྱོང་ཚན་ཁག་ལ་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས ༡༧༥ དང་བོད་བསྐྱོད་ལས་བྱེད་པའི་བུ་ཕྲུག་སློབ་མའི་སྐར་གྲངས ༢༣༥ ཡིན་དགོས་པ་བཅས་རེད།

  དམག་དཔུང་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་སྐར་གྲངས་མཐོ་བ་ནས་དམའ་བའི་བར་འཆར་གཞི་གཞིར་བཟུང་སློབ་བསྡུ་བྱེད་རྒྱུ་དང་། སྒྱུ་རྩལ་རིགས་ཀྱི་རང་བདག་ངང་མཐོ་རྒྱུགས་ཀྱི་རིག་གནས་སྦྱངས་འབྲས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་གཏན་འཁེལ་བྱས་རྗེས། ཆེད་ལས་སྦྱངས་འབྲས་ལེགས་པ་ནས་རིམ་བཞིན་སློབ་བསྡུའི་འཆར་གཞིའི་མི་གྲངས་མ་ཁེངས་བར་བསྡུ་རྒྱུ་རེད།