རྨ་འབྲི་རྫ་གསུམ་འབྱུང་ཡུལ་དོ་དམ་ཅུའུ་ཡིས་གློག་འཕྲིན་ལས་གཉེར་ཁེ་ལས་ཆེན་པོ་གསུམ་གྱི་བར་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ7པའི་ཚེས13ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་དབྱི་ཏུང་། ཀྲུང་གོ་ལེན་ཐུང་བཅས་བར་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོ་དང་བཞུགས་མོལ་ཚོགས་འདུ་བསྡུས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

  ཐེན་ཅིན་ཁྲིན་གྱིས་བསྟན་དོན། གློག་འཕྲིན་ལས་གཉེར་ཁེ་ལས་ཆེན་པོ་གསུམ་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་དུ། མགྱོགས་མྱུར་སྒོས་གོང་འཕེལ་དུ་བཏང་ནས་ཁེ་ལས་ཀྱི་སྣང་བསྙན་བཟང་པོ་བསྐྲུན་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་དང་མགྱོགས་ཚད་མཐོར་འདེགས་སུ་གཏོང་བར་ནུས་པ་ཆེན་པོ་བཏོན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་དོན་ངོ་མའི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་ལ། བགྲོད་ལམ་འཚོལ་ཞིབ་དང་ཉམས་མྱོང་སྤྱི་སྡོམ། མིག་དཔེ་གསར་འཛུགས་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པར་ཆ་འཕྲིན་ལག་རྩལ་གྱི་རྒྱབ་རྟེན་དང་ཁ་འབྲལ་ཐབས་མེད་པས། གློག་འཕྲིན་ལས་གཉེར་ཁེ་ལས་ཆེན་པོ་གསུམ་དང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཉམ་ལས་ལྷད་མེད་དང་ཁྱད་སྟོབས་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་བཅས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་དགོས་ཟེར།

  ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། དེང་སྐབས། མཚོ་སྔོན་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལ་སྐུལ་འདེད་གཏོང་བར་ཕན་འབྲས་ངོ་མ་ལེན་པའི་གནད་འགག་གི་སྐབས་སུ་གནས་ཡོད་པས། གློག་འཕྲིན་ལས་གཉེར་ཁེ་ལས་ཆེན་པོ་གསུམ་གྱིས་ཆ་འཕྲིན་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱེད་པ། རྒྱལ་ཁབ་སྤྱི་གླིང་ལ་ཁེབས་པའི་ཡིད་རྟོན་བདེ་འཇགས་ཀྱི་འཕྲིན་གཏོང་དྲ་བ་དང་ཚན་རིག་ནུས་ལྡན་གྱི་ལྟ་ཞིབ་ཚད་ལེན་མ་ལག སྔོན་ཐོན་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་བཅས་བཙུགས་ཏེ། འབད་བརྩོན་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་ཚན་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཞབས་ཞུ་སྣ་ཚོགས་ཇེ་ལེགས་སུ་གཏོང་བ་དང་། རང་འགུལ་གྱིས་འབྲེལ་འདྲིས་མཐུན་སྦྱོར་བྱེད་པ། མཉམ་ལས་བྱ་བའི་རྐྱེན་སྲོལ་མྱུར་དུ་འཛུགས་པ། མཉམ་ལས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་བཀོལ་བ། དུས་རབས་སུ་རྒྱུན་འཛིན་བྱེད་པ་བཅས་ལ་ཁག་ཐེག་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།