དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམ་སྟོན་དེ་མེ་ཧྲན་ནས་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། བོད་ཁུལ་རིག་གནས་དང་ཡིད་དབང་འཕྲོག་པའི་གཅེས་ནོར་ཞེས་པའི་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་འགྲེམ་སྟོན་དེ་མེ་ཧྲན་སུའུ་ཀྲེ་སྤྱི་གླིང་དུ་སྤེལ་བ་རེད། འདི་ནི་མེ་ཧྲན་གྲོང་ཁྱེར་གྱིས་འཛུགས་གཉེར་བྱས་པའི་བོད་ཁུལ་རིག་གནས་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་འགྲེམ་སྟོན་ཐོག་མ་དེ་ཡིན་པར་མ་ཟད། མེ་ཧྲན་དང་དཀར་མཛེས། རྔ་བ་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་འཛུགས་གཉེར་བྱས་པའི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་འགྲེམ་སྟོན་སྤེལ་རེས་བྱེད་སའི་ས་ཚུགས་ཐོག་མའང་ཆགས་པ་རེད། འགྲེམ་སྟོན་ནང་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་ཁྱོན་བསྡོམས་སྒྱུ་རྩལ་པ82ཀྱིས་ཐང་ག་དང་པར་ཤིང་། བོད་ཡིག་ཡིག་གཟུགས། སྣུམ་ཚོན་རི་མོ་སོགས་བོད་རིགས་དམངས་ཁྲོད་ཀྱི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་སྣ་ཁ169འགྲེམ་སྤེལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམ་སྟོན་ནི་ཐང་ག་དང་པར་ཤིང་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་དག་འཕྲིན་སྦྱོར་གྱི་ཐབས་ལ་བརྟེན་ཏེ་འགྲེམ་སྟོན་བྱས་པ་བརྒྱུད་ནས་ཕུལ་བྱུང་གི་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མེ་ཧྲན་གྲོང་ཁྱེར་གྱི་སྒྱུ་རྩལ་བརྩམས་ཆོས་འཕེལ་རྒྱས་ལ་སྐུལ་འདེད། དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་འཕེལ་རྒྱས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་དེ་ལས་མང་བའི་སྒྱུ་རྩལ་བརྩམས་ཆོས་གང་མང་གྲོང་མི་དག་ལ་མིག་གི་ལྟད་མོ་གྱ་ནོམ་པ་རེ་ཕུལ་ཡོད་པ་རེད། འགྲེམ་སྟོན་དུས་ཚོད་ནི་ཟླ་བ4པའི་ཚེས14ཉིན་ནས་ཚེས20ཉིན་གྱི་བར་ཡིན་བ་རེད།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།