སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་དུས་ལྟར་དབུལ་སྒྲོལ་ལས་འགན་འགྲུབ་པར་བརྩོན་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སི་ཁྲོན་ཞིང་ཆེན་ཞིང་གྲོང་དབུལ་སྐྱོར་ཁྲིམས་སྲོལ་ལག་ཏུ་བསྟར་ཆེད་ཉེ་སྔོན་ཞིང་ཆེན་དམངས་འཐུས་ཀྲུའུ་རིན་གཞོན་པ་དང་། ཁུལ་ཧྲུའུ་ཅི་ལིའུ་ཙོའུ་མིང་གིས་ སྣེ་ཁྲིད་དེ་དམངས་འཐུས་ཐེངས་བདུན་པའི་ཁྲིམས་འཛིན་བརྟག་དཔྱད་ཚན་ཆུང་གིས་རང་ཁུལ་གྱིས་སི་ཁྲོན་ཞིང་ཆེན་ཞིང་གྲོང་དབུལ་སྐྱོར་ཁྲིམས་སྲོལ་ལག་བསྟར་ གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། དེ་དུང་བཞུགས་མོལ་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཁུ་ནན་ཚོགས་འདུར་ཞུགས་ཏེ་ རང་ཁུལ་གྱིས་སི་ཁྲོན་ཞིང་ཆེན་ཞིང་གྲོང་དབུལ་སྐྱོར་ཁྲིམས་སྲོལ་ལག་བསྟར་དང་རྔ་བ་ཁུལ་ཞིང་གྲོང་དབུལ་སྐྱོར་ཁྲིམས་སྲོལ་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞོང་ཞུའོ་ཧྥེང་ཡང་ཚོགས་འདུར་ཞུགས།

ཉིན་བཞིའི་དུས་ཚོད་རིང་དུ་བརྟག་དཔྱད་ཚན་ཆུང་གིས་ཚན་ཆུང་གཉིས་ལ་བགོས་ཏེ། རང་ཁུལ་གྱི་ཟུང་ཆུ་རྫོང་དང་། ཁྱུང་མཆུ་རྫོང་། བཙན་ལྷ་རྫོང་། འབར་ཁམས་ གྲོང་ཁྱེར་བཅས་ཀྱི་གཞི་རིམམ་དུ་བསྐྱོད་དེ་ནན་ཞིབ་ནན་འདྲི་དང་།འདྲི་ཤོག་བརྟག་ དཔྱད། རྒྱུ་ཆ་བཀླགས་པ། བགྲོ་གླེང་སོགས་ཀྱི་རྣམ་པར་བརྟེན་ཏེ་ཉིས་སྟོང་བཅུ་དྲུག་ལོར་ཁྲིམས་སྲོལ་ལ་བརྟག་དཔྱད་བྱེད་པའི་སྐབས་ཀྱི་གནད་དོན་དང་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཡོངས་ཀྱི་དབུལ་སྒྲོལ་ལ་ཞིབ་བཤེར་བྱས། གྲོས་ཚོགས་ལས་ ལིའུ་ཙོའུ་མིང་གིས་བསྟན་རྒྱུར་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་བཟུང་། བློ་མཐུན་ཞི་ཅེན་ཕིང་གིས་གཙོར་བྱས་པའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གཙིགས་ ཆེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནད་འཁེལ་དབུལ་སྐྱོར་སྐུལ་འདེད་བཏང་བ་དང་། ཞིང་ཨུའི་མགོ་མཇུག་ཀུན་ཏུ་དབུལ་སྒྲོལ་གྱི་བྱ་བཞག་གལ་ཆེན་ནང་གི་གཙིགས་ཆེན་ བྱས་ཏེ། ཞིང་གྲོང་དབུལ་ཕོངས་ལས་སྒྲོལ་བ་དམ་འཛིན་དང་། ཞིང་ཆེན་གྱི་ དོན་དངོས་གནས་ཚུལ་གྱི་རིགས་ལམ་ལ་བརྟེན་ཏེ་ནན་གྱིས་དབུལ་ཕོངས་ལས་སྒྲོལ་བར་གཙིགས་ཆེན་བྱས་པ་རེད། འདི་ལས་མཐོང་ཐུབ་པ་ནི་དབུལ་སྐྱོར་དེ་ཀྲུང་དབྱང་དང་། ཞིང་ཨུའི་དུས་ལྟར་འབྱོར་འབྲིང་ལ་སྙེག་བཞིན་པའི་སྐབས་ཀྱི་ཆེས་ལྕི་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས་ཐེངས་འདིའི་བརྟག་དཔྱད་ནི་ཁྱོན་ཡོངས་ནས་ཀྲུང་དབྱང་ དང་ཞིང་ཨུས་བཀོད་སྒྲིག་བྱས་པ་ཡིན་ལ། ཞིང་གྲོང་དབུལ་སྒྲོལ་གྱི་ལས་དོན་དེ་ཁྲིམས་ལུགས་ཅན་དུ་གྱུར་བར་གཏིང་ཇེ་ཟབ་དང་། ཚད་ལྡན་དུ་གཏོང་དགོས་པ་ཞིག་ཀྱང་ཡིན། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་དང་ཞིང་ཆེན་རིམ་པའི་ལས་འགན་ནི་ཁྲིམས་ལྟར་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ལས་ལྷག་པར་ཞིང་ཆེན་ དམངས་འཐུས་རྒྱུན་ཨུ་དང་ཞིང་ཨུས་དམངས་འཐུས་ཀྱི་ལས་དོན་ཁྱོན་ཀུན་ནས་མགོ་བརྩམས་ཀྱང་རེད། བརྟག་དཔྱད་ཀྱི་གནས་ཚུལ་ལ་གཞིགས་ན་རྔ་བ་ཁུལ་དང་འབྲེལ་ཡོད་ཀྱི་རྫོང་ཡོངས་ཀྱིས་དེར་མཐོང་ཆེན་བྱས་ཏེ་ལག་ཏུ་བསྟར་ཤིང་། རིགས་ལམ་དེའང་ཡང་དག་པ། རྩ་འཛུགས་ལ་གོ་རིམ་ཡོད་པ། བྱེད་ཐབས་དངོས་དང་་མཐུན་པ། སྤྱིའི་གནད་དོན་ཆེ་ས་དང་བྱ་བྲེག་གི་གནད་དོན་ལ་དམིགས་ཏེ་ནན་གྱིས་བསྒྱུར་བཅོས་དང་བརྟག་དཔྱད་བྱས་པས་འབྲས་བུ་ཡག་པོ་བླངས་ཤིང་། བརྟག་དཔྱད་ཚན་ཆུང་ གིས་གནད་དོན་བསྒྱུར་བཅོས་ལག་ བསྟར་གྱི་གནས་ཚུལ་ལ་ཡིད་ཚིམས་པ་རེད་ཟེར།

ལུའོ་ཙོའུ་མིང་གིས་བསྟན་རྒྱུར་མིག་སྔར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ འཛུགས་སྐྲུན་གྱི་དུས་སྐབས་སུ་བསླེབས་ཡོད་ལ། འོན་ཀྱང་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པ་དང་། འབྲེལ་ཡོད་ཀྱི་སྡེ་ཁག་ཀུན་གྱིས་ངེས་པར་དུ་ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་གྱི་ཚབས་ཆེན་རང་བཞིན་ལ་རྒྱུས་ལོན་དགོས་ལ། ངེས་པར་དུ་བསམ་པ་དང་ལག་ལེན་ནི་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་གི་སྟེང་དུ་ འགྲོ་དགོས། དབུལ་སྒྲོལ་དང་ཕྱུག་འགྱུར་གཉིས་ནན་གྱིས་ལག་བསྟར་བྱེད་དེ་དབུལ་ སྐྱོར་གྱི་ལས་དོན་ལ་འགན་ཁུར་དགོས་ལ། འགོ་ཁྲིད་ཀྱི་འགན་འཁྲི་ ཇེ་ཆེ་དང་། མ་རྩའི་གཏོང་ཕྱོགས་ཇེ་ཆེ།སྡེ་ཁག་གི་མཉམ་འབྲེལ་ཇེ་ལེགས་སུ་བཏང་སྟེ་སྟོབས་ཤུགས་ གཅིག་ཏུ་སྒྲིལ་ཏེ་དུས་ལྟར་དབུལ་སྒྲོལ་ལས་འགན་འགྲུབ་དགོས། རིམ་པ་ཡོངས་ཀྱི་ དམངས་འཐུས་ཀྱིས་ངེས་པར་དུ་རང་སྟེང་གི་འགན་ནུས་གནད་དུ་འཁེལ་དགོས་ལ། གོམ་གང་མདུན་སྤོས་ཀྱི་སྒོ་ནས་དམངས་འཐུས་ཀྱི་དོན་དངོས་འདོན་སྤྲོད་དང་། དམངས་ཚོགས་ཀྱི་དགེ་མཚན་ལ་བརྟེན་ནས་དབུལ་སྒྲོལ་གྱི་ཞབས་ཞུའི་ལས་དོན་གྱི་མགོ་ བརྩམ་དགོས་ལ། མི་མཐུད་དེ་དབུལ་སྒྲོལ་དང་དམངས་འཐུས་ལག་ལེན་ཞེས་པའི་ བྱ་འགུལ་སྤེལ་ཏེ་སྣེ་ཁྲིད་ཀྱི་རང་བཞིན་དང་རྟེན་གཞིའི་རང་བཞིན་འདོན་སྤེལ་བྱེད་ དགོས་པ་དང་། ཁྱོན་ཡོངས་ནས་དབུལ་སྒྲོལ་ཞབས་ཞུར་གྲུབ་འབྲས་ལྡན་དགོས་ཟེར།

 ལོའུ་ཙོའུ་མིང་གིས་བསྟན་རྒྱུར་ད་ལོ་ནི་དབུལ་སྒྲོལ་གྱི་རྒྱུན་མཐུད་དེ་ཁྱོན་ཡོངས་ནས་ཐོད་བརྒལ་དུ་འགྲོ་དགོས་པའི་གནད་འགག་གི་ལོ་ཞིག་ཡིན་ལ། རིམ་པ་ཡོངས་ཀྱི་ དམངས་འཐུས་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་ཀུན་གྱིས་ངེས་པར་དུ་ ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་། ལོ་རྒྱུས་ཀྱི་ལས་འགན། ཀྲུང་དབྱང་ དང་ཞིང་ཆེན་གྱི་ཐབས་བཀོད་དང་ཁྲིམས་སྲོལ་གྱིས་ལས་དོན་གྱི་སྣེ་ཁྲིད་དེ་བློ་རྩ་གཅིག་བསྒྲིལ། སྟོབས་ཤུགས་གཅིག་བསྒྲིལ། བརྩེ་བ་གཅིག་བསྒྲིལ་བྱས་ཏེ་སི་ཁྲོན་ཞིང་ ཆེན་དེ་དབུལ་སྒྲོལ་གྱི་འཐབ་ར་ལས་རྒྱལ་བར་བྱ་དགོས། ངེས་པར་དུ་ཀྲུང་དབྱང་ དང་ཞིང་ཆེན་གྱི་ཐབས་བཀོད་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལེགས་པར་བྱ་བར་ སློབ་སྦྱོང་བྱ་དགོས་ལ། འཕྲལ་དུ་ཁྲིམས་ལྟར་དབུལ་སྐྱོར། ཁྲིམས་ལྟར་དབུལ་སེལ་གྱི་ ཁོར་ཡུག་བཟང་བོ་དང་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན་དགོས། གོམ་གང་མདུན་སྤོས་ ཀྱིས་དབུལ་སྐྱོར་བྱེད་ཐབས་དེ་གནད་འཁེལ་གྱི་རང་བཞིན་དང་དོན་དངོས་ཀྱི་རང་བཞིན་ལ་མཐོར་འདེགས་གཏོང་དགོས་ལ། ནན་གྱིས་འགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ་ བྱ་བར་གྲུབ་འབྲས་ལག་པོ་ལེན་དགོས་ཟེར། དབྱང་ཁུ་ནན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་དམངས་འཐུས་བརྟག་དཔྱད་ཚན་ཆུང་ལ་ཡར་ཞུ་བྱས་པ་དང་། ཞིང་ཆེན་དམངས་འཐུས་དང་ རྒྱུན་ཨུས་དུས་རྒྱུན་རྔ་བ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་ཐུགས་ཁྲལ་དང་། རྒྱབ་སྐྱོར། རོགས་རམ་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བསྟན་རྒྱུར་ཉེ་ བའི་ལོ་འགའི་རིང་ལ་རང་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱི་ཁྲིམས་སྲོལ་གནན་དུ་བཟུང་སྟེ་ལག་བསྟར་རྒྱུན་འཁྱོངས་དང་། ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་བརྟག་དཔྱད་ཞིབ་བཤེར་དང་། ཞིང་ཆེན་དབུལ་སྒྲོལ་ཞིབ་བཤེར་རྣམས་ཀྱི་བཏོན་པའི་གནད་དོན་གཙོར་ བཟུང་སྟེ་འབད་འབུངས་སྒོས་བཅོས་བསྒྱུར་དོན་དང་ལག་ལེན་དོན་འཁྱོངས་བྱས་ཡོད།

གཞུག་ཏུ་རང་ཁུལ་གྱིས་མི་འགྱང་བར་རྒྱལ་ཁབ་དང་ཞིང་ཆེན་གཙིགས་སུ་བཟུང་ནས་ རྐྱེན་གཉིས་སེལ་བ། འགན་སྲུང་གསུམ། བཟང་བོ་རྣམ་བཞི་དམིགས་འབེན་དུ་བཟུང་ནས་དབུལ་སྐྱོར་ལ་རྨང་གདིང་བ། ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་ སྐྱོར། སྲིད་ཇུས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་ཀྱི་བྱ་བཞག་དང་ཇེ་ལེགས་ཇེ་བརྟེན་དུ་བཏང་དེ་དབུག་ཕོངས་ལས་སྒྲོལ་དགོས་ཟེར། བརྟག་དཔྱད་ཚན་ཆུང་གི་ཚན་གཙོ་ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་གྱི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དམངས་འཐུས་རྒྱུན་ཨུའི་ཨུ་ཡོན་ཏིན་ཧྲིན་ཀེའུ། བརྟག་དཔྱད་ཚན་ཆུང་གི་ཚོགས་མི་ཡོའུ་ཏིའུ་པེན། ལིའུ་ཀྲུའུ་ཧེའུ། ཝང་ཨན་ནན། ཁུལ་དམངས་འཐུས་ རྒྱུན་ཨུའི་ཀྲུའུ་རིན་ཝང་ཆོན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེའུ་ཆེན་ལེན་ སོགས་ཞུགས་ཏེ་བརྟག་དཔྱད་བྱས། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་དང་། ཞིང་ཆེན་དབུལ་སྐྱོར་གནས་སྤོར་ཅུས་ཀྱི་འབྲེལ་ཡོད་པ་དང་རང་ཁུལ་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་། རྫོང་། སྡེ་ཁག་ཀུན་བརྟག་དཔྱད་ལ་ཞུགས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།