མགོ་ལོག་པད་མ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་ནས་བྱེད་ཐབས་སྣ་མང་སྤྱད།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཚོ་སྔོན་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དབུལ་ཕོངས་རྫོང་ཡིན་པའི་ཆ་ནས། པད་མ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་དམ་དུ་དམིགས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་རྒྱུ་དེ་དམིགས་འབེན་དུ་བྱེད་པ། ས་ཁམས་དང་རྨོ་ཞིང་། རྩྭ་ས་སོགས་རང་བྱུང་ཆ་རྐྱེན་ལ་དམིགས་ནས། བཞུགས་མོལ་ཚོགས་འདུ་བསྡུ་བ་དང་། སྦྲ་གུར་དང་ཁྱིམ་ཚང་དུ་སྐྱོད་པ། ཆེད་མཁས་པས་བགྲོ་གླེང་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་དེ། རོང་འབྲོག་མང་ཚོགས་དང་མཉམ་དུ་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་བཙལ།

པད་མ་རྫོང་གིས་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། ཚོང་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། འདེབས་གསོའི་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་། རྒྱུན་མ་ཆད་པར་པད་མའི་བོད་ཀྱི་སིལ་ཇ་དང་ཀྲུང་ལུགས་སྨན་རྫས་སོགས་ཁྱད་ཆོས་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ལྡན་ཁྱད་ཆོས་འདེབས་གསོ་ལས་རིགས་ཀྱི་གཞི་ཁྱོན་ལོ་རེ་བཞིན་རྒྱ་བསྐྱེད་དེ། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱས། དེའི་ཐད་ནས་བསྡོམས་པས་མ་དངུལ་སྒོར་བྱེ་བ་གསུམ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་མུའུ་ཁྲི་ཡི་བོད་ཀྱི་སིལ་ཇ་རྟེན་གཞི་དང་བོད་ཀྱི་སིལ་ཇ་དབུལ་སྐྱོར་ཐོན་ལས་ར་བ་འཛུགས་སྐྲུན་བྱས་པ་དང་། 2016ལོར་བོད་ཀྱི་སིལ་ཇ་སྤྱི་རྒྱ་སྟོང་གཉིས་ཉོ་བསྡུ་དང་ལས་སྣོན་བྱས་ནས། ཁེ་སྤོགས་ཐོན་རིན་སྒོར་ས་ཡ་དྲུག་ལ་སླེབས།

ཕྱུགས་ལས་ཐད་ནས། པད་མ་རྫོང་གིས་ཕྱུགས་ལས་ཚན་རྩལ་གྱིས་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་བྱེད་པའི་འཆར་གཞི་ལག་བསྟར་བྱས་ལ། སོན་བཟང་རྩྭ་འབྲུ་དང་ཕྱུགས་རྒྱུད་བཟོ་སྐྲུན་དམ་འཛིན་དང་། སྲོག་ཆགས་ཀྱི་རིམས་ནད་འགོག་པར་ཤུགས་སྣོན་བྱེད་པ། ཕྱུགས་ལས་ཐོན་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། སྒོ་ཕྱུགས་ཀྱི་གྲངས་ཀ་ཇེ་མང་དུ་གཏོང་བ། ཤ་དང་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཚད་ཇེ་མང་དུ་གཏོང་བ་བཅས་བྱས་ལ། 2016ལོར་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་གཉིས་བཏང་སྟེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་རྟེན་གཞི་གཅིག་དང་། ནོར་ནག་གསོ་སྤེལ་རྟེན་གཞི་གསུམ་བཙུགས་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་བཏང་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཉིས་བཙུགས། 2017ལོར། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔེ་སྟོན་ཁང་གཉིས་འཛུགས་པ་དང་། མ་དངུལ་སྒོར་ས་ཡ་གཉིས་བཏང་སྟེ། མུའུ་སྟོང་གི་ནས་ནག་འདེབས་གསོ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། མ་དངུལ་སྒོར་འབུམ་བརྒྱད་བཏང་ནས། གསེར་ལེབ་ཐང་གྲོང་རྡལ་སྡེར་ནང་སྡེ་བའི་འབྲོག་དམངས་ལ་རླངས་འཁོར་བཀྲུ་ས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་བཟོས་ཡོད། དེ་དང་མཉམ་དུ། ཞང་དང་གྲོང་རྡལ་དང་། སྡེ་ཁག་སོ་སོས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་བྱ་བ་མང་པོ་བསྒྲུབས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཕྱུགས་སྡེ་ཁག་གིས་ཀྱང་རོང་འབྲོག་དམངས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས། རོང་འབྲོག་དམངས་ཀྱི་རྨང་གཞིའི་སྒྲིག་ཆས་ལག་རྩལ་དང་ལས་ཞུགས་ནུས་པ་ཇེ་ཆེར་བཏང་། དབུལ་སྐྱོར་དང་རིག་གནས་སྡེ་ཁག་གིས་དབུལ་ཕོངས་ཁྱིམ་ཚང་གི་མི་ཉི་ཤུ་རྩ་འཛུགས་བྱས་ནས་ཧྲང་ཧེ་གྲོང་ཁྱེར་དུ་ཞོར་ལས་བྱེད་དུ་མངགས་པ་དང་། རྫོང་ཡོངས་ནས་ལས་བྱེད་པ་སྟོང་གསུམ་དྲུག་བརྒྱ་དང་གསུམ་དང་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ནས། འདུ་ཤེས་བསྒྱུར་བ་དང་། ནད་ཡམས་སྔོན་འགོག ཡོང་སྒོ་ཁ་སྣོན་སོགས་ཕྱོགས་མང་པོའི་ཐད་ནས་དབུལ་སྐྱོར་བྱ་བ་སྤེལ། སྐྱིད་མཁར་དང་སྨར་ཁོག་སོགས་ཞང་གིས་ཟི་ལིང་གྲོང་ཁྱེར་གྱི་ཆེད་ལས་དགེ་རྒན་གདན་ཞུ་བྱས་ཏེ། ཟས་གཡོས་སྦྱོར་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། གྲུབ་ཆེན་དང་སྨར་ཁོག་སོགས་ཞང་གིས་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་པ་མ་ཟད། རིག་རྩལ་འཁྲབ་སྟོན་བརྒྱུད་དེ་ཡོང་སྒོ་ཇེ་མང་དུ་བཏང་།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།