བོད་ལྗོངས་ལྷ་སར་ཆིང་རྒྱལ་རབས་ཀྲུང་དབྱང་གི་བོད་སྡོད་ཨན་བན་ཡ་མོན་ནས་རྡོའི་སེང་གེའི་རིག་དངོས་རྙེད་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། ལྷ་སར་ཆིང་རྒྱལ་རབས་དུས་ཀྱི་མཚོན་ཁྲ་ཅན་གྱི་རྡོའི་སེང་གེའི་རིག་དངོས་ཤིག་བརྙེད་ཡོད། གནའ་རྫས་ཞིབ་དཔྱད་བྱས་པ་བརྒྱུད་གཏན་འཁེལ་བྱུང་བར། རྡོའི་སེང་གེ་དེ་ནི་དེ་སྔ་བོད་སྡོད་ཆིང་ཀྲུང་དབྱང་སྲིད་གཞུང་གི་ཨན་བན་ཡ་མོན་མདུན་གྱི་རྡོའི་སེང་གེ་ཡིན་ཞིང་། དེ་ནི་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བོད་བདག་སྐྱོང་ནུས་ལྡན་བྱས་པའི་གལ་ཆེའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྡོའི་སེང་གེ་དེ་ནི་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་རྡོ་སེང་གེ་ལམ་གྱི་སྦྱོང་བརྡར་རྟེན་གཞི་ཞིག་ནས་བརྙེད་ཡོད། རྡོའི་སེང་གེ་དེ་ཅུང་ཆ་ཚང་ཞིང་། ཡན་ལག་ཁག་ཁ་གསལ་ལ་དབྱེ་བ་ཆོད་ཐུབ་པ། སེང་གེའི་ལུས་ཐོག་ཏུ་ཚོན་རིས་ཀྱི་ཤུལ་མཐོང་རྒྱུ་ཡོད་ཅིང་། མཐོ་ཚད་ལ་ལི་སྨི༡༦༩དང་། གཞི་གདན་གྱི་ཞེང་ཚད་ལ་ལི་སྨི༡༠༤དང་ཧའོ་སྨི་བདུན་ཡོད་པ་རེད།

རྡོའི་སེང་གེ་བརྙེད་རྗེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་། རང་སྐྱོང་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས། བོད་ལྗོངས་རྟེན་རྫས་ཁང་སོགས་སྡེ་ཁག་གི་རིགས་གཅིག་མཁས་པས་ས་ཆ་དངོས་སུ་བརྟག་ཞིབ་ཁུངས་སྐྱེལ་བྱས་ཡོད། ལོ་རྒྱུས་ཐོག་ཐོ་འགོད་བྱས་པར་གཞིགས་ན། རིགས་གཅིག་མཁས་པས་ཚོད་དཔག་བྱས་པར། རྡོའི་སེང་གེ་གཞན་པ་དེ་བརྙེད་ཟིན་པའི་རྡོ་སེང་གེ་དེའི་མཐའ་འཁོར་དུ་ཡོད་བཟོ་ཡོད་པ་དང་། རིག་དངོས་སྡེ་ཁག་གིས་གནའ་རྫས་སྔོག་འདོན་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད། གཞན་ཡང་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངག་སྲུང་སྐྱོབ་བྱ་ཐབས་གཏན་འབེབས་བྱས་ཏེ་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།