དོན་ལྡན་གྱི་ལེགས་བཤད་འདི་ཡིད་ལ་ཟུངས།
སྤེལ་བའི་དུས་ཚོད། : 2019-08-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གནོན་ཤུགས།

སྒོ་ང་ཕྱི་ནས་བཅག་ན་ཟ་མ་དང་། ནང་ནས་ཆགས་ན་ཚེ་སྲོག་ཡིན། མི་ཚེ་ཡང་ཕྱི་ནས་བཅུན་ན་གནོན་ཤུགས་དང་། ནང་ནས་བཅུན་ན་འཚར་ལོངས་རེད། གལ་ཏེ་ཁྱེད་ཀྱིས་རང་ཉིད་གཞན་གྱིས་བཅུན་པར་བསྒུགས་ཚེ། ཁྱེད་གཞན་དབང་དུ་འགྱུར་ཐག་ཆོད་ཡིན་ལ། གལ་སྲིད་རང་གིས་རང་བཅུན་ཐུབ་ཚེ། ཁྱེད་ཀྱིས་རང་ཉིད་སླར་གསོན་གྱི་གོ་སྐབས་གསར་པ་རྙེད་ངེས།

སློབ་སྦྱོང་།

འབྲས་བཟང་ཐོབ་པའི་མི་མང་པོ་ཞིག་ལ་སློབ་གསོ་མང་པོ་ཞིག་ཐོབ་མེད་མོད། དཔེ་ཀློག་མ་བྱས་པར་གྲུབ་འབྲས་ཐོབ་པའི་ངེས་པ་གཏན་ནས་མེད། ཁྱེད་ཀྱིས་སྦྱངས་པའི་ཤེས་བྱ་ནི་ཁྱེད་ལ་དབང་བའི་མཚོན་ཆ་ཡིན། མི་སུ་ཡིན་ཡང་རང་ཉིད་ཀྱིས་ཁྱིམ་གཞིས་གསར་པ་ཞིག་འཛུགས་ཐུབ་མོད། ལག་ཆ་མེད་ན་ག་ལ་ནུས།

མིའི་དབར་གྱི་འབྲེལ་བ།

རང་ཉིད་ཁ་དན་ཚིག་ལ་གནས་པའི་མི་ཞིག་བྱེད་དགོས་པ་ལས་མི་གཞན་ཁ་དན་ཚིག་ལ་གནས་དགོས་པའི་རེ་བ་འདོན་མི་རུང་། རང་ཉིད་ཀྱིས་མི་གཞན་ལ་ཡག་པོ་བྱེད་དགོས་པ་ལས་མི་གཞན་གྱིས་ཀུན་པོར་ཡག་པོ་བྱེད་དགོས་པའི་རེ་བ་བཅངས་མི་རུང་། རང་གིས་གཞན་ལ་བརྩི་མཐོང་བྱས་པ་ནང་བཞིན་གཞན་གྱིས་ཀྱང་རང་ལ་དེ་ལྟར་སྐྱིན་ལན་སྤྲོད་པར་བསམ་མི་རུང་། གལ་ཏེ། ཁྱེད་ཀྱིས་གནས་ལུགས་འདི་ཙམ་ཡང་མ་རྟོགས་ཚེ། ཁྱེད་ལ་དགོས་མེད་ཀྱི་སྡུག་བསྔལ་འབྱུང་སྲིད།

ཁེར་རྐྱང་།

མི་སུ་ཞིག་ཡིན་ཡང་ཁེར་རྐྱང་གི་དུས་ཤིག་ངེས་པར་བརྒྱུད་དགོས་ལ། ལམ་གང་དུ་ཕྱིན་ཡང་ཁེར་རྐྱང་གི་དུས་སྐབས་ཤིག་ཡོད་ངེས། ཕ་མས་དུས་ནམ་ཡང་ཁྱེད་ལ་རོགས་བྱེད་མི་ཐུབ་ལ། གྲོགས་པོའང་མཐའ་གཅིག་ཏུ་ཁྱེད་དང་གཏན་གནས་བྱེད་མི་སྲིད། ཁེར་རྐྱང་ནི་ཁེར་སྡོད་མ་ཡིན་ལ། སུན་སྣང་དེ་བས་ཀྱང་མ་ཡིན། ཁེར་རྐྱང་གི་ལམ་ཁ་བརྒྱུད་མྱོང་བའི་མི་དེ་ད་གཟོད་བློ་རྩ་བརྟན་པོ་ཡོད། ཁོར་ཡུག་གང་དུ་གནས་ཀྱང་སེམས་ལྷོད་ལ་ཕབ་ནས། རྒྱུན་ལྡན་གྱི་སེམས་ཁམས་ཤིག་གིས་ཁོར་ཡུག་ལ་གདོང་གཏོད་ཐུབ་པ་ནི་སྨོས་མ་དགོས།  

བློ་སྦྱོང་།

མི་གཞན་བློ་ལ་མི་འབབ་པ་ནི་སོ་སོའི་བློ་སྦྱོང་མ་འདང་པས་རེད། མི་ཁོང་ཁྲོ་ལངས་པའི་སྐད་ཅིག་དེར་བློ་གྲོས་ཀྱི་ཆ་དེ་ཀླད་ཀོར་ཡིན། སྐར་མ་གཅིག་གི་རྗེས་སུ་གཞི་ནས་རྒྱུན་ལྡན་དུ་འགྱུར་ཐུབ། མིའི་ཡ་རབས་ཀྱི་འགག་རྩ་དེ་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་བྱེད་ཐུབ་པ་དེ་ཡིན། ཚིག་རྩུབ་ཀྱིས་གཞན་སེམས་གསོད་པ་ནི་ཆེས་གླེན་རྟགས་ཀྱི་བྱ་སྤྱོད་དོ། །

ཡོང་ཁུངས། དྲ་ལམ་ནས་བཤུས།