རྒྱ་མ་༥༠ཅན་གྱི་ལོ་ངོ་སྟོང་གི་བོད་ལྭ་ཞིག
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་གོས་ཏེ་སྤུ་ཧྲེང་རྒྱན་གོས་ཉར་ཚགས་བྱས་ཡོད། སྤུ་ཧྲེང་རྒྱན་གོས་ལ་ལོ་ངོ་༡༠༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། དེའི་ཁྲོད་ཆེས་མཛེས་ཤོས་དང་དམིགས་བསལ་ཚ་ཤོས་ནི་བུད་མེད་ཀྱི་རྨ་བྱའི་རྒྱན་གོས་དེ་ཡིན།

སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ནང་དུད་ཁྱིམ་༧གྱིས་ཕ་མེས་ཡང་མེས་ནས་ལོ་ངོ་བརྒྱ་ཕྲག་འགའ་རྒྱུན་འཛིན་བྱས་པའི་རྒྱན་གོས་ཆ་ཚང་༧ཉར་ཚགས་བྱས་ཡོད་པ་དང་། རྒྱན་གོས་ཆ་ཚང་རེར་ལྗིད་ཚད་རྒྱ་མ་༥༠ཟིན་ཅིང་། རྒྱན་ཆའི་ཁྲོད་གསེར་དངུལ་དང་གཡུ་བྱུར། མ་ན་ཧོ། མུ་ཏིག་སོགས་ནོར་བུའི་རིགས་ཡོད་པ་དང་དུས་ཡུན་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད།

ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།