ཐེམ་ཐོ་དང་ས་ཞིང་། ཡོང་འབབ་བཅས་ལ་འགྱུར་ལྡོག་འདི་དག་འབྱུང་སྲིད།
སྤེལ་བའི་དུས་ཚོད། : 2019-05-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་5ཉིན་ཕྱི་ཕྱོགས་སུ《གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་བྱས་པ་རེད། ཡིག་འབྲུ་9000ལྷག་ཙམ་གྱི་ཡིག་ཆ་དེས་འབྱུང་འགྱུར་ཐེམ་ཐོ་དང་། ས་ཞིང་། ཡོང་འབབ་བཅས་ལ་ཤུགས་རྐྱེན་གལ་ཆེན་གང་ཞིག་ཐེབས་སྲིད་དམ།

ས་ཞིང་། གྲོང་ཁྱེར་བ་གྲོང་གསེབ་ཏུ་སོང་ནས་ཁང་ས་ཉོ་མི་ཆོག

《བསམ་འཆར》ནང་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ཀྱི་བྱ་ཐབས་འགའ་ཞིག་བཏོན་པའི་ནང་ཕྱོགས་ཆེན་པོ་གསུམ་ཚུད་ཡོད་པ་སྟེ།

1. གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་ལམ་ལུགས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་ཡུན་རིང་མི་འགྱུར་བ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ་30རིང་གི་སྲིད་ཇུས་དོན་འཁྱོལ་བྱ་དགོས། གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱེད་དགོས།

2.གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བསྒྱུར་བཅོས་བརྟན་པོ་བྱ་དགོས། ཁང་ས་དང་ཞིང་པའི་སྡོད་ཁང་སྤྱོད་དབང་འཁྲུག་ཏུ་འོས་འཚམ་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་བེད་མེད་དུ་བཞག་པའི་ཁང་ས་དང་བེད་མེད་དུ་བཞག་པའི་ཁང་པ་གང་འགབ་ཅི་སྤྱོད་བྱེད་པར་བསྔགས་སྐུལ་བྱ་དགོས།

3.ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་ཞུགས་པའི་ལམ་ལུགས་འཛུགས་དགོས། ཞིང་པའི་རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཚོའི་ཐུན་མོང་གིས་རིན་དོད་ཡོད་པའི་སྒོ་ནས་བེད་མེད་དུ་བཞག་པའི་ཁང་ས་དང་། བེད་མེད་དུ་བསྐྱུར་བའི་ཐུན་མོང་གི་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དེ་ཐུན་མོང་གི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་ཞུགས་པར་བསྒྱུར་ཆོག

འཕེལ་སྒྱུར་ཨུ་ལྷན་འཆར་འགོད་སིའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ལིའུ་ཁྲུན་ཡུས་ཀྱིས། དོ་སྣང་བྱེད་དགོས་པ་ཞིག་ནི་གྲོང་ཁྱེར་བ་གྲོང་གསེབ་ཏུ་བསྐྱོད་དེ་ཁང་ས་ཉོ་མི་ཆོག འཆར་འགོད་ལྟར་ས་ཆའི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལག་བསྟར་ནན་པོ་བྱེད་པའི་རྩ་དོན་ལས་བརྒལ་མི་རུང་བ་དང་། གྲོང་གསེབ་ཀྱི་ཁང་ས་སྤྱད་དེ་སྤྲོ་ཁང་དང་མི་སྒེར་གྱི་ཚོགས་ཁང་བསྐྲུན་རྒྱུ་གཏན་འགོག་བྱེད་དགོས་པ་དེ་རེད་ཅེས་བསྟན་ཡོད།

ས་ཞིང་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་སྒྱུར་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་ནན་པོ་སྲུང་དགོས་པ་ལས། ཐུན་མོང་ལ་དབང་བའི་ལམ་ལུགས་མེད་པར་བསྒྱུར་བ་དང་། རྨོ་ཞིང་ཉུང་དུ་བསྒྱུར་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་ཕོག་པ་བཅས་བྱེད་མི་རུང་། ཞིང་པའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་མ་མཐའི་མཚམས་ཐིག་ཏུ་འཛིན་དགོས་པ་ལས། ཞིང་པའི་ཚབ་བྱས་ནས་བདག་པོ་བྱེད་པ་དང་། ཞིང་པར་བཙན་ཤེད་ཀྱིས་གདམ་གསེས་བྱེད་དུ་འཇུག་མི་རུང་བར། ཞིང་པར་དངོས་གནས་བསྒྱུར་བཅོས་ཀྱི་ཁེ་ཕན་ཐོབ་ཏུ་འཇུག་དགོས།

ཐེམ་ཐོ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཚོད་འཛིན་ལྷུག་ཏུ་གཏོང་བ།

《བསམ་འཆར》ནང་། 2022ལོར་སླེབས་སྐབས་གྲོང་ཁྱེར་དུ་གཞིས་ཆགས་ཚོད་འཛིན་རིམ་བཞིན་མེད་པར་བཟོ་བའི་དམིགས་ཚད་གཏན་འཁེལ་བྱས་པ་མ་ཟད། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། གྲོང་ཁྱེར་ཆེ་གྲས་རེ་ཟུང་ཕུད་པའི་གྲོང་ཁྱེར་དུ་གཞིས་ཆགས་ཚོད་འཛིན་ལྷུག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར་སྔར་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་དུ་གྱུར་ཡང་གྲོང་ཁྱེར་དུ་གཞིས་ཆགས་ཐུབ་མེད་པའི་ཞིང་ལས་གཞན་སྒྱུར་མི་འབོར་དུང་ཕྱུར་2.26ཡོད་པ་དང་། དེ་ལས་65%ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དུ་ཁྱབ་ཅིང་གཞི་རྩའི་ཐོག་གྲོང་ཁྱེར་ཆེ་གྲས་ཡིན། དེར་བརྟེན་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དུ་ཁྱིམ་གཞིས་ཆགས་པའི་ཚོད་འཛིན་ལྷུག་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་རེད།

《2019ལོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན》ལ་གཞིགས་ན། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི་100ནས་300བར་གྱི་གྲོང་ཁྱེར་ཆེ་གྲས་IIཔར་གཞིས་ཆགས་ཚོད་འཛིན་ཁྱོན་ཡོངས་ནས་མེད་པ་བཟོ་དགོས་པ་དང་། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི་300ནས་500བར་གྱི་གྲོང་ཁྱེར་ཆེ་གྲས་Iཡིས་གཞིས་ཆགས་ཆ་རྐྱེན་ཁྱོན་ཡོངས་ནས་ལྷུག་ཏུ་གཏོང་བ་དང་འབྲེལ་གཙོ་གནད་ཚོགས་སྤྱིའི་གཞིས་ཆགས་ཚོད་འཛིན་ཁྱོན་ཡོངས་ནས་མེད་པ་བཟོ་དགོས། ཆེས་ཆེ་བའི་གྲོང་ཁྱེར་ཆེ་གྲས་ཀྱིས་ཆ་བསགས་གཞིས་ཆགས་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། གཞིས་ཆགས་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཆ་བསགས་རྣམ་གྲངས་ཁུ་བསྡུ་ཆེས་ཆེར་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་འཇལ་སྤྲོད་ལོ་ཚད་དང་གནས་སྡོད་ལོ་ཚད་སྐར་གྲངས་ཀྱིས་བསྡུར་ཚད་གཙོ་བོ་ཟིན་པའི་འགན་ལེན་བྱ་དགོས་པ་རེད།

ཡོང་འབབ། གཅིག་གྱུར་འཆར་འགོད་ཀྱིས་ཕྱོགས་བཞིའི་ཡོང་འབབ་མཐོ་རུ་གཏོང་རྒྱུ་ཡིན་པ།

ཞིང་པ་ཕྱུག་པོར་འགྱུར་དུ་འཇུག་པ་དང་། ཞིང་པའི་“དངུལ་ཁུག་” ཇི་ལྟར་མཐུག་ཏུ་གཏོང་དགོས་སམ།

《བསམ་འཆར》ནང་། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་རྒྱུན་མཐུད་ངང་ཆུང་དུ་གཏོང་བ་བཅས་བྱེད་དགོས་ཞེས་དང་། ཞིང་པའི་གླ་ཕོགས་རང་བཞིན་དང་། གཉེར་སྐྱོང་རང་བཞིན། རྒྱུ་ནོར་རང་བཞིན། སྤོ་སྒྱུར་རང་བཞིན་བཅས་ཕྱོགས་བཞིའི་ཐད་ཀྱི་ཡོང་འབབ་གཅིག་གྱུར་གྱིས་མཐོ་རུ་གཏོང་དགོས་པ་བཏོན་ཡོད།

གླ་ཕོགས་རང་བཞིན་གྱི་ཡོང་འབབ། བཟོ་པ་བསྡུ་ལེན་དང་མི་སྣ་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ལས་ཞུགས་ཀྱི་མཐོང་ཆུང་ཡོད་ཚད་སེལ་བ། ཞིང་པ་ལས་མིའི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་འདྲ་མཉམ་ངང་ལས་ཞུགས་བྱེད་པའི་ལམ་ལུགས་དོན་འཁྱོལ་བཅས་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཆ་སྙོམས་ཀྱི་སྤྱི་པའི་ལས་ཞུགས་ལས་གཏོད་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལས་ཞུགས་ལས་གནས་དང་ལས་གཏོད་གོ་སྐབས་མང་དུ་ཧུར་ཐག་གཏོང་དགོས།

གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ། ནོར་སྲིད་དང་། ཡིད་རྟོན་དངུལ་བུན། འགན་བཅོལ། ས་ཆ་བེད་སྤྱོད་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་ཀྱི་མ་གནས་གཅོག་པ་དང་ཞིང་ལས་ཀྱི་ཡོང་འབབ་མཐོ་རུ་གཏོང་དགོས་པ་མ་ཟད། ལས་རིགས་ཞིང་པའི་རྩལ་ནུས་ཆེ་རུ་གཏོང་བ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ཞིང་ལས་ཀྱི་ཕན་འབྲས་དང་ཞིང་པའི་ཡོང་འབབ་གཅིག་གྱུར་འཆར་འགོད་ཀྱིས་མཐོ་རུ་གཏོང་དགོས།

རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྟོན་ཕྱོགས་སུ་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་རྒྱུ་ནོར་གཙང་བཤེར་དང་མ་དངུལ་ཞིབ་རྩིས་ལེགས་སྒྲུབ་བྱེད་མགྱོགས་སུ་གཏོང་བ་མ་ཟད། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མཉམ་སྡེབ་ཁོངས་མིར་ཚད་འབེབས་བྱས་ཏེ་ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་རྒྱུ་ནོར་དང་། མ་དངུལ་རྐང་དངུལ། ཞིང་པ་མ་རྐང་འཇོག་མཁན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ། ཞིང་པར་ཐད་ཀར་ཁ་གསབ་སྤྲོད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཁེབས་རྒྱ་རིམ་བཞིན་ཆེ་རུ་གཏོང་དགོས། ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱེད་པའི་རྨང་གཞིའི་ཐོག་ཀུན་ཕན་རང་བཞིན་གྱི་ཞིང་པར་ཁ་གསབ་སྤྲོད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།