མི་འདི་ལྔ་བོ་ཁྱོད་ཀྱི་མི་ཚེ་གང་བོའི་གྲོགས་པོ་བྱོས།
སྤེལ་བའི་དུས་ཚོད། : 2019-04-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


དང་བོ།
འཁོན་རེས་བྱས་རྗེས་ཐོག་མར་དགོངས་དག་ཞུ་མཁན། རྒྱུ་མཚན་ཁོ་ནོར་སོང་བ་མིན་ལ། ཁོས་ཅི་ཞིག་ལ་གཅེས་སྤྲས་ཟེར་བ་ཤེས་པས་ཡིན།
གཉིས་པ།
མཉམ་ལས་བྱེད་དུས་མི་གཞན་ལ་འདང་རྒྱག་མཁན། རྒྱུ་མཚན་ཁོ་གླེན་སོང་བ་མིན་ལ། ཁོས་མཉམ་སྤྱོད་ཅེས་པ་རྟོགས་ཡོད་པས་ཡིན།
གསུམ་པ།
བྱ་བ་སྒྲུབ་དུས་རང་འགུལ་གྱིས་མང་བོ་སྒྲུབ་མཁན། རྒྱུ་མཚན་ཁོ་བླུན་སོང་བ་མིན་ལ། འགན་འཁུར་གྱི་འདུ་ཤེས་ཡོད་པས་ཡིན།
བཞི་བ།
རང་འགུལ་གྱི་ཟས་རིན་སྟེར་མཁན། རྒྱུ་མཚན་ཁོ་ལ་སྒོར་མོ་མང་བ་མིན་ལ། བརྩེ་སེམས་ནི་རྒྱུ་ནོར་ལས་ཀྱང་གལ་ཆེན་དུ་བཟུང་ཡོད་པས་ཡིན།
ལྔ།
ཁྱོད་ལ་རོགས་བྱེད་པའི་མི། རྒྱུ་མཚན་དེས་ཁྱོད་ལ་ཅི་ཞིག་ཆད་ཡོད་པ་མིན་ལ། ཁྱོད་ནི་རང་གི་གྲོགས་པོ་རྣལ་མ་ཞིག་ཏུ་བརྩིས་ཡོད་པས་ཡིན།

 

ཡོང་ཁུངས། དྲ་ལམ་ནས།
རྩོམ་སྒྲིག་པ། རྟ་མགྲིན།