འགོ་ཁྲིད་ལས་བྱེད་པར་གནས་ཚུལ་རིགས་འདི་དག་ཡོད་ཚེ་ཉེན་ཁ་ཆེ།
སྤེལ་བའི་དུས་ཚོད། : 2019-04-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྲིད་སྐྱོང་བའི་གནད་དམ་པ་ནི། གཙོ་བོ་མི་ལ་རག་ལས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ཁ་གསལ་བཏོན་ཡོད་པ་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་ལ་སྔར་བས་ཤུགས་སྣོན་དང་། མི་འདེམ་སྤྱོད་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་སྣ་འདེམ་སྒྲུག་དང་བཀོལ་སྤྱོད་བྱེད་པའི་ཆབ་སྲིད་ཀྱི་འགག་སྒོ་དང་ཀུན་སྤྱོད་ཀྱི་འགག་སྒོ། ནུས་པའི་འགག་སྒོ། སྤྱོད་ཚུལ་གྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ་བཅས་དམ་པོར་བསྲུངས་ནས། མི་འདེམ་སྤྱོད་ཀྱི་གོམས་སྲོལ་ཡོ་བསྲང་མཐའ་གཅིག་ཏུ་བྱས་པས། མི་འདེམ་སྤྱོད་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འགྱུར་ལྡོག་ཆེན་པོ་བྱུང་བར་སྐུལ་འདེད་བཏང་ཡོད།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་༼ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམ་སྤྱོད་ཀྱི་ལས་དོན་སྲོལ་ཡིག་༽ཅེས་པ་དཔར་འགྲེམ་བྱས་པ་དང་། དེ་རུ་དུས་རབས་གསར་པའི་ལས་བྱེད་པ་འདེམ་སྤྱོད་ཀྱི་ལས་དོན་ཐད་གཞི་རྩའི་སྒྲིག་སྲོལ་དང་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད།

གཏན་འབེབས་ལྟར་ན། འགོ་ཁྲིད་ལས་བྱེད་པར་གཤམ་གྱི་གནས་ཚུལ་འདི་རིགས་ཐོན་ཚེ་རྟོག་ཞིབ་བྱ་ཡུལ་དུ་བགྲང་རྒྱུ་མིན་པ་རེད།

༡ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལས་འགལ་བ།

༢མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་ཚད་མཐོན་པོ་མེད་པ།

༣ ལོ་གོང་མའི་ལོ་འཁོར་གྱི་དཔྱད་ཞིབ་གྲུབ་འབྲས་དེ་གཞི་རྩའི་འགན་ཐེག་མན་གྱི་རིམ་པར་ཡོད་པ།

༤ དཔོན་གནས་ལ་རྒྱུག་པ་དང་། འདེམ་ཤོག་འཕེན་སྐུལ་སོགས་རྩ་འཛུགས་ལ་མི་བརྩི་བའི་བྱ་སྤྱོད་ཡོད་པ།

༥དམིགས་བསལ་ལས་གནས་ཀྱི་དགོས་མཁོ་ཕུད། བཟའ་ཟླ་ཕྱི་རྒྱལ་(མངའ་ཁོངས་ཕྱི་)ལ་གནས་སྤོ་བྱས་པ་དང་། ཡང་ན་བུ་ཕྲུག་ཚང་མ་ཕྱི་རྒྱལ་(མངའ་ཁོངས་ཕྱི་)ལ་གནས་སྤོ་བྱས་པ།

༦བསླབ་འདོམས་སྐུལ་ལྕག་ཐེབས་པ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའམ་ཡང་ན་ཏང་སྒྲིག་སྲིད་དོན་གྱི་ཆད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡུན་མ་ཐིམ་པའམ་ཡང་ན་དུས་ཚད་ཐིམ་རྗེས་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཡོད་པ

༧ རྒྱུ་མཚན་གཞན་གྱི་དབང་གིས་ལས་གནས་སྤར་བའམ་ཡང་ན་མུ་མཐུད་དུ་བཀོལ་སྤྱོད་བྱེད་པར་མི་འཚམ་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།