ད་ལོའི་ལོ་གསར་རིང་ལྷ་ས་ནས་ཤོག་སྦག་འགད་ཆོག་གམ།
སྤེལ་བའི་དུས་ཚོད། : 2019-02-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་སྐད་འཕྲིན་དུ་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོར། ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་འགའ་ཤས་སུ་ཤོག་སྦག་འགད་ཆོག་གི་མེད་པ་སྟེ། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་འགད་མི་ཆོག་པའི་གཏན་འབེབས་》ལ་གཞིགས་ན། གཤམ་གྱི་ས་ཁོངས་ཁག་ཏུ་ཤོག་སྦག་འགད་མི་ཆོག་པ་རེད། དེ་ཡང་གྲོང་ཁུལ་རྙིང་པ་(གྲོང་ཁུལ་གྱི་ཤར་ངོས་ནས་གླིང་སྐོར་ཤར་ལམ་དང་། ལྷོ་ངོས་ནས་ཅང་སུའུ་ལམ་དང་ནུབ་ངོས་ནས་རྡོ་སེང་གེའི་ལམ། བྱང་ངོས་ནས་གླིང་སྐོར་ལམ་)དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན། གཡུ་ཐོག་ལམ། མཁར་རྔ་གདོང་ལམ། ཉང་བྲན་ལམ་དུམ་ལྷོ་མ། ཀྲུང་ཧའེ་རྒྱལ་སྤྱིའི་གྲོང་། ཏང་སྲིད་ལས་ཁུངས། དམག་མི་དང་ཉེན་རྟོག་པའི་སྒར་ས། སློབ་གྲྭ། སྨན་ཁང་། ཚོང་ར། གློག་འཕྲིན་དང་རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་བཀོད་ཡོད་ས། ཟམ་པ། མཛོད་ཁང་ཆེ་གྲས། གློག་སྒྱུར་ས་ཚིགས། སྣུམ་སྣོན་ས་ཚིགས་དང་དེའི་མཐའ་འཁོར་གྱི་རྨིད་༢༠༠ཡི་ནང་ཚུན། གནའ་བོའི་བཟོ་སྐྲུན་ཚོགས་པ། རིག་དངོས་འཛུགས་སྐྲུན་ཁུལ་དང་གཙོ་གནད་ཡུལ་མིའི་སྡོད་ཁུལ། མི་ཚོགས་འདུ་འཛོམས་ཆེ་ས། དེ་བཞིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ས་ཁོངས་གཞན་ཁག་བཅས་ཡིན།

ཤོག་སྦག་འགད་མི་ཆོག་པའི་ས་ཁོངས་སུ་ཤོག་སྦག་འགད་པའམ་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ལམ་ནས་ཤོག་སྦག་བཀད་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། བསོད་ནམས་འཚོ།