དགའ་བའི་གཉེན་ལ་ཆང་རག་ཨུ་ཚུགས་མ་གནང་།
སྤེལ་བའི་དུས་ཚོད། : 2019-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཆང་རག་ཉུང་ཙམ་འཐུང་བ་ལས་ཚོད་མེད་དུ་འཐུང་མི་ཉན།

ཆང་གི་གྲུབ་ཆ་གཙོ་བོ་ནི་ཆང་བཅུད་དང་ཆུ་ལས་གཞན་འཚོ་བཅུད་གང་ཡང་འདྲེས་མེད། ནམ་རྒྱུན་ཆང་རག་ཚད་མེད་བཏུང་ན་ཟས་ཀྱི་དང་ག་འགག་ནས་ཟས་བཅུད་འཚོ་བསྡུ་བྱེད་ཚད་ཉུང་དུ་ཕྱིན་ཏེ། ལུས་གཟུགས་ལ་འཚོ་བཅུད་ཀྱི་རིགས་མང་པོ་མི་འདང་བ་དང་། མྱུར་བ་དང་ཡང་ན་དལ་བའི་རང་བཞིན་གྱི་ཆང་དུག་ཕོག་པ། ཆང་བཅུད་རང་བཞིན་གྱི་མཆིན་པར་ཚི་ལུ་རྒྱས་པ་སོགས་དང་། ཐ་ན་ཆང་བཅུད་རང་བཞིན་གྱི་མཆིན་པ་མཁྲེགས་འགྱུར་གྱི་ནད་ཀྱང་ན་སྲིད། ཆང་འཐུང་དྲག་ན་ད་དུང་ཁྲག་ཤེད་མཐོ་བ་དང་། ཀླད་ཁྲག་ཤོར་བ། གྲིབ་སྐྱོན་ནད། རུས་སོབ། ཕོ་བའི་ནད་སོགས་ན་ཚ་འབྱུང་ཉེན་ཆེ་བ་མ་ཟད་འགྲིམ་འགྲུལ་དོན་རྐྱེན་དང་རྒྱག་རེས་རྒྱག་པ་སོགས་དོན་རྐྱེན་སློང་ཉེན་ཆེ་བས་མི་སྒེར་གྱི་བདེ་ཐང་དང་སྤྱི་ཚོགས་བདེ་འཇགས་ལ་གནོད།

དེར་བརྟེན་རྒྱུན་དུ་ཆང་ཉུང་ཙམ་འཐུང་བ་ལས་ཚོད་མེད་དུ་འཐུང་མི་ཉན།

ཀྲུང་གོའི་གྲོང་མིའི་ཟས་སྤྱོད་སློབ་སྟོན་ནང་སྐྱེས་པ་དང་བུད་མེད་དར་མའི་ཉིན་རེའི་ཆང་རག་བཏུང་བའི་ཆང་བཅུད་འབོར་ཚད་ཆེ་ཤོས་ཁེ་༢༥(g)དང་ཁེ་༡༥(g)ལས་མི་བརྒལ་བའི་དྲན་སྐུལ་གནང་ཡོད། བྱེ་བྲག་གཤམ་གྱི་རེའུ་མིག་ནང་གི་ཚད་གཞི་དང་མཚུངས། ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་དེའི་རྨང་གཞིའི་འོག་ཉུང་དུ་གཏོང་དགོས།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།