མགྱོཊ་པོ་གཟིཊ། རྩ་གཉིས་ཨང་རྟཊ་འདི་གཏན་ནས་བཤེར་མི་རུང…
སྤེལ་བའི་དུས་ཚོད། : 2019-01-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འབྱུང་པོ་རོ་ལངས་ཞེས་པའི་དྲ་གྲོགས་མེད་པར་བཟོ་བའི་རྩ་གཉིས་ཨང་རྟགས།

1.སྐད་འཕྲིན་སྤྱི་རྟགས་དང་དྲ་རྒྱའི་བརྡ་ཁྱབ་ཆུང་ངུ་སོགས་ལ་བརྟེན་ནས་སྐད་འཕྲིན་སྤྱོད་མཁན་ལ་མགོ་སྐོར་གཏོང་བ།

2.དྲ་ངོས་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་སྐུར་བ་དང་ཆབས་ཅིག དེ་བཤེར་དུ་བཅུག་སྟེ་སྐད་འཕྲིན་སྤྱོད་དབང་ཐོབ་པར་བྱེད་པ།

3.འབྱུང་པོ་རོ་ལངས་ཞེས་པའི་དྲ་གྲོགས་མེད་པར་བཟོ་བའི་ཆ་འཕྲིན་མང་པོ་བསྐུར་ནས། དྲ་གྲོགས་སུས་རང་ཉིད་བསུབ་པའམ་ཡང་ན་མིང་ཐོ་ནག་པོར་བཅུག་ཡོད་མེད་ལ་ལྟ་ཐུབ་པ།

བྱེད་སྟངས་འདི་དག་ལ་མངོན་མེད་རྐྱེན་ངན་ལྡན་པ་གཤམ་གསལ་ཏེ།

1.མི་སྒེར་གྱི་གསང་བ་ཕྱིར་གྱར་ཉེན་ཆེ་བ།

ལས་ཀ་དང་། འབྲེལ་གཏུགས་ཁ་པར་ཨང་གྲངས། གྲོགས་པོ་སོགས་ཀྱི་ཆ་འཕྲིན་ཕྱིར་གྱར་ནས། དྲ་གྲོགས་ལ་མགོ་སྐོར་གཏོང་ཉེན་ཆེ།

2.སྒེར་གྱི་རྒྱུ་ནོར་རྐུ་ཉེན་ཆེ་བ།

སྐད་འཕྲིན་སྤྱོད་མཁན་མང་པོའི་སྐད་འཕྲིན་ཨང་རྟགས་དང་དངུལ་ཁང་གཱ་སྦྲེལ་ཡོད་པས། གལ་ཏེ་ཁྱེད་ཀྱི་སྐད་འཕྲིན་གཞན་གྱིས་ཚོད་འཛིན་བྱས་ཚེ། སྐད་འཕྲིན་དངུལ་ཁུག་སོགས་ཀྱི་དངུལ་རྐུ་ཉེན་ཆེ།

3.དྲ་གྲོགས་སུན་པོ་བཟོ་སྲིད།

ཁྲིམས་འགལ་བར་ཁྱེད་ཀྱི་སྐད་འཕྲིན་སྤྱོད་དབང་ཐོབ་རྗེས། བརྡ་ཁྱབ་ཆུང་ངུ་དང་བསྙད་བརྐོ་བའི་ཆ་འཕྲིན་བཏང་ནས། སྐད་འཕྲིན་གྱི་གྲོགས་པོ་སུན་པོ་བཟོ་ཡི་ཡོད་པས། དྲ་གྲོགས་དབར་གྱི་འབྲེལ་བར་སྐྱོན་རྒྱག་སྲིད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།