ཨ་རོགས་ཚོ། ཆམ་སྨན་གྱི་རིགས་འདི་གཉིས་བཏུང་མི་རུང་།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་བ12པའི་ཚེས3ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲིན་གསར་ཁྱབ་སྤེལ་བྱས་པ་སྟེ། ཐེ་ཧྥན་ཝེ་མ་སྨན་ལེབ(特酚伪麻片)དང་ཐེ་ལོ་ཝེ་མ་སྤྱིན་ཐུམ(特洛伪麻胶囊)ཞེས་པའི་སྨན་རྫས་གཉིས་ཀྱིས་སྙིང་ཁམས་ལ་གནོད་པས་ཕན་པ་ལས་ཉེན་ཁ་ཆེ་བ་དང་། རང་རྒྱལ་གྱིས་སྨན་རྫས་དེ་གཉིས་ཐོན་སྐྱེད་དང་བྲིན་ཚོང་། བཀོལ་སྤྱོད་སོགས་ལ་བཀག་སྡོམ་བྱེད་ཅིང་། ཚོང་རར་འཚོང་བཞིན་པ་དག་ཕྱིར་བསྡུ་བྱེད་བཞིན་ཡོད།

སྨན་རྫས་རིགས་དེ་གཉིས་ཀྱིས་གཙོ་བོ་ཆམ་ནད་ལས་བྱུང་བའི་མགོ་ན་བ་དང་ཚ་བ་རྒྱས་པ། སྣ་འཚུབ་པ། སྣ་ཆུ་དོན་པ་སོགས་ལ་ཕན་ཀྱི་ཡོད། ནམ་ཟླ་འདི་ནི་ཆམ་ནད་སློང་ཚད་ཆེས་ཆེ་བའི་དུས་ཡིན་པས། ང་ཚོས་སྨན་རྫས་ཚོང་ཁང་དུ་སོང་སྟེ་གང་མོས་ཀྱིས་ཆམ་པའི་སྨན་ཉོས་ནས་བཏུང་མི་རུང་སྟེ།ངེས་པར་དུ་སྨན་དེས་ཕན་གནོད་ཅི་འདྲ་ཡོད་པ་སོགས་ལ་སྣང་འཇོག་བྱས་ནས་ཉོ་དགོས་པ་མ་གཏོགས་གོང་དུ་བཤད་པའི་སྨན་དེ་རིགས་ཀྱིས་ཕན་པ་ལས་གནོད་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་སོ།།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔར་ཐེ་ཧྥན་ཝེ་མ་སྨན་ལེབ་དང་ཐེ་ལོ་ཝེ་མ་སྤྱིན་ཐུམ་གཉིས་ཐོན་སྐྱེད་བྱེད་པའི་ཁེ་ལས་གཉིས་མ་གཏོགས་མེད་དེ། ལི་ཀྲུའུ་ཚོགས་པའི་ལི་ཀྲུའུ་སྨན་རྫས་བཟོ་གྲྭ་དང་ཧྲི་སྨན་བཟོ་ཚོགས་ཨོའུ་དབྱི་སྨན་ལས་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཡིན།

ཡོང་ཁུངས། ཁམས་པའི་དྲ་བ།