དམངས་སྲིད་པུའུ་ཡིས་གཉེན་སྒྲིག་སྲོལ་ངན་བཅོས་སྒྱུར་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-12-04 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཉེན་སྟོན་ཐེངས་ཤིག་ལས་སྲོལ་ངན་ལུགས་ངན་ག་ཚོད་ཅིག་ཕྱི་ལ་མངོན་ཡོད་དམ།

མིག་སྔའི་ས་གནས་ཁག་ཅིག་གི་མཐོ་དྲགས་པའི་གཉེན་རྟགས་དང་རྒྱས་སྤྲོས་ཆུད་ཟོས་ཀྱིས་གཉེན་སྟོན་བསྒྲུབས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། དམངས་སྲིད་པུའུ་ཡིས་ཉེ་སྔོན་ཕྱོགས་ཡོངས་ནས་གཉེན་སྲོལ་བཅོས་སྒྱུར་བྱས་ཏེ། སྟབས་བདེ་འོས་འཚམ་གྱི་གཉེན་སྟོན་གོམས་སྲོལ་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

གཉེན་སྟོན་ཁྲོད་གནས་པའི་ལུགས་སྲོལ་ངན་པར་དམིགས་ནས། དམངས་སྲིད་པུའུ་ཡིས་སྲོལ་རྒྱུན་གཉེན་སྟོན་ལ་རྒྱབ་སྐྱོར་དང་དེ་ཁྱབ་སྤེལ་གཏོང་དགོས་པ་དང་། ཐུན་མོང་གི་གཉེན་སྟོན་དང་། དྲན་གསོའི་གཉེན་སྟོན། དགེ་ལས་གཉེན་སྟོན་སོགས་བརྗོད་བྱ་ཡ་རབས་ཚུལ་མཐུན་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་འབུར་དུ་ཐོན་པ། ཡ་རབས་དང་གྲོན་ཆུང་གི་གཉེན་སྟོན་ཧུར་ཐག་གིས་དར་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གཉེན་སྒྲིག་ལ་བརྟེན་ནས་རྒྱུ་ནོར་ཧམ་ལེན་བྱེད་པར་ངོ་རྒོལ་དང་། སློང་རྟེན་མཐོ་པོ་ལེན་པ་དང་། རྒྱས་སྤྲོས་ཆུད་ཟོས་གཏོང་བ། མ་རབས་ཐ་ཤལ་གྱི་གཉེན་སྒྲིག་ཧམ་གཉེར། གཉེན་སྟོན་འགྲན་རེས་བྱེད་པ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱས་ནས། སྤྱི་ཚོགས་ཀྱི་དར་སྲོལ་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གཟབ་ནན་མཆོག་གྱུར་གྱི་གཉེན་སྒྲིག་ཐོ་འགོད་ལག་འཁྱེར་སྤྲོད་པའི་མཛད་སྒོ་ཡིས་རྒྱས་སྤྲོས་བག་མེད་ཀྱི་གཉེན་སྟོན་མཛད་སྒོའི་ཚབ་བྱེད་དགོས་པའི་བླང་བྱ་བཏོན་འདུག

དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་སིའི་སྐོར་གཟིགས་པ་གཞོན་པ་དབྱང་ཐའོ་ཡིས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་བེད་སྤྱོད་བྱས་ནས་གཉེན་སྟོན་གཉེར་བའི་བརྒྱུད་རིམ་དང་གྲངས་འབོར་སོགས་གྲོང་མིའི་སྤྱི་ཆིངས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་ཡོང་བ་དང་། གྲོང་གསེབ་ཀྱི་གཉེན་སྟོན་དང་འདས་མཆོད་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་ཚད་ལྡན་དུ་གཏོང་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།