རྒྱལ་སྤྱིའི་ནང་འདྲེན་དངོས་མང་འདྲེན་ཚོགས་ཀྱི་རྒྱལ་ཁབ་འགྲེམས་སྟོན།
སྤེལ་བའི་དུས་ཚོད། : 2018-11-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་འགྲེམས་སྟོན་ནི་ཐེངས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་གི་གལ་ཆེའི་ནང་དོན་ཞིག་ཡིན། རྒྱལ་ཁབ༨༢དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་འཛུགས་པའི་འགྲེམས་སྟེགས༧༡ཡོད། འགྲེམས་སྟོན་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི༣ཙམ་ཡོད་པ་དང་། འགྲེམས་སྟོན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་ཀྱི་རྣམ་པ་དང་། ཉོ་ཚོང་གོང་འཕེལ་གྲུབ་འབྲས། དམིགས་བསལ་གྱི་དགེ་མཚན་ལྡན་པའི་ཐོན་རྫས་བཅས་མངོན་ཡོད། རྒྱལ་ཁབ་འགྲེམས་སྟོན་ནང་། ཧིན་རྡུ་ཉི་ཞི་ཡ་དང་ཝེ་ཐེ་ནམ། ཕ་ཁི་སི་ཐན། ལྷོ་ཨ་ཧྥེ་རི་ཁ། ཨེ་ཅིབ། ཨུ་རུ་སུ། དབྱིན་ཇི། ཧང་ག་རི། འཇར་མན། ཁ་ན་ཏ། པར་ཙིར། མོ་ཞི་ཁི་སོགས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བཅུ་གཉིས་ཀྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་འགྲེམས་ཁང་འཛུགས་ཡོད། གཙོ་གཉེར་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོས་ཀྲུང་གོ་ཁང་འཛུགས་ཡོད། དེའི་ནང་ཞའོ་ཀང་དང་ཨའོ་མན། ཐེན་ཝན་བཅས་ཀྱི་འགྲེམས་སྟོན་ཀྱང་ཚུད་ཡོད།

ཀྲུང་གོ་ཁང་གིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་སོགས་ཀྱི་གོང་འཕེལ་བསམ་བློ་གསར་པ་གཙོ་ཐིག་བྱས་ནས། ཀྲུང་གོའི་འགྱུར་བཅོས་སྒོ་དབྱེའི་རླབས་ཆེའི་གྲུབ་འབྲས་དང་། ཀྲུང་གོའི་གོང་འཕེལ། རྒྱུད་གཅིག་ལམ་གཅིག་བཅས་ཀྱིས་འཛམ་གླིང་ལ་སྐྲུན་པའི་གོ་སྐབས་གསར་པ་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། ཀུན་བཟང་དབང་མོ།