སྙད་གཙེར་ཁ་པར་གཏོང་མཁན་དེ་ཚོའི་རྒུད་པའི་དུས་ཚོད་སླེབས་ལ་ཉེ།
སྤེལ་བའི་དུས་ཚོད། : 2018-11-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར་བཟོ་འཕྲིན་པུས་《སྙད་གཙེར་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བྱེད་ཐབས》ཞེས་པ་པར་འགྲེམ་བྱས་ཏེ། འབྲེལ་ཡོད་དྲ་སྦྲེལ་ཁེ་ལས་ཀྱིས་ཁྱོན་ཡོངས་ནས་སྙད་གཙེར་ཁ་པར་དང་འཕྲིན་ཐུང་སྐུར་གཏོང་མཉེན་ཆས་དང་སྒྲིག་ཆས་སོགས་ཀྱི་ཁྱབ་སྤེལ་དང་ཕྱིར་འཚོང་ཆ་འཕྲིན་གཙང་སེལ་དང་། འབྲེལ་ཡོད་མཉེན་ཆས་དང་སྒྲིག་ཆས་དྲ་རྒྱའི་སྟེང་ནས་འཚོལ་བཤེར་དང་འགྲེམ་སྤེལ། ཕབ་ལེན། ཉོ་ཚོང་བཅས་བྱེད་པའི་འབྲེལ་ལམ་གཅོད་དགོས་པའི་བླང་བྱ་བཏོན་ཡོད།

《ལས་ཀའི་བྱེད་ཐབས་》ནང་དུ་ཁྱོན་ཡོངས་ནས་འཕྲིན་གཏོང་ཐོན་ཁུངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱབ་ནས། སྙད་གཙེར་ཁ་པར་ཤེར་རྟོགས་དང་ཞུ་གཏུག་ཐག་གཅོད་བཅས་ཀྱི་གོ་རིམ་འཐུས་ཚང་དུ་གཏོང་རྒྱུ་དང་། སྙད་གཙེར་ཁ་པར་གྱི་ཁྱབ་སྤེལ་བརྒྱུད་ལམ་གཅོད་དགོས་པ། ལག་རྩལ་ཐབས་ལམ་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས། སྙད་གཙེར་ཁ་པར་གྱི་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་དགོས་པ། ཕྱོགས་ཀུན་གྱི་སྟོབས་ཤུགས་ཕྱོགས་བསྡུས་སྐོང་འཐེན་བྱས་ནས། ཁ་པར་གཉེར་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྙད་གཙེར་ཁ་པར་གྱི་ཕུགས་ཕན་དོ་དམ་ཚོད་འཛིན་ལམ་སྲོལ་འཛུགས་རྒྱུ། ཚོང་ལས་གཉེར་ཚོང་རིགས་ཀྱི་ཁ་པར་གྱི་གཏོང་ཐབས་ཚད་ལྡན་དུ་གཏོང་བ་དང་། སུན་བཟོ་དང་སྒྲིག་འགལ་ཉེས་གསོག་རིགས་ཀྱི་ཁ་པར་མངོན་གསལ་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས་ནས། འཕྲིན་གཏོང་གི་ཁོར་ཡུག་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།

སྙད་གཙེར་ཁ་པར་བཅོས་སྒྲིག་བྱེད་པར་ལས་འགན་དྲུག་ཡོད

དང་པོ། འཕྲིན་གཏོང་ཐོན་ཁུངས་དང་བེད་སྤྱོད་མཁན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ།

གཉིས་པ། ཁྱོན་ཡོངས་ནས་བརྡ་གཏོང་ལྟེ་གནས་ཀྱི་ལས་སྒོ་ཚད་ལྡན་དུ་གཏོང་བ།

གསུམ་པ། ཁྱོན་ཡོངས་ནས་སུན་བཟོ་མཉེན་ཆས་སྣ་ཚོགས་གཙང་སེལ་བྱེད་པ།

བཞི་བ། ལག་རྩལ་གྱི་འགོག་སྲུང་ནུས་པ་མཐོ་རུ་གཏོང་བ།

ཁ་པར་གཏོང་མཁན་གྱི་ཨང་གྲངས་དབང་ཆ་བརྟག་དཔྱད་དང་ཁུངས་འདེད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ།

སྙད་གཙེར་ཁ་པར་ལ་ལྟ་ཞིབ་ཚད་ལེན་དང་བཀག་འགོག་ནུས་པ་མཐོ་རུ་གཏོང་བ།

སྙད་གཙེར་ཁ་པར་གྱི་གྱོང་ཉེན་གསལ་འདེབས་བྱེད་ནུས་ཇེ་ཆེར་གཏོང་བ།

ལྔ་བ། སྙད་གཙེར་ཁ་པར་གྱི་དོ་དམ་ཚོད་འཛིན་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།

སྙད་གཙེར་ཁ་པར་གྱི་ཞུ་གཏུག་ཐེར་འདོན་བྱེད་ལམ་ཇེ་བདེ་དང་། སྙད་གཙེར་ཁ་པར་གྱི་ཐེར་འདོན་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྙད་གཙེར་ཁ་པར་གྱི་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་དང་། སྙད་གཙེར་ཁ་པར་གྱི་ཞུ་གཏུག་ཐེར་འདོན་དང་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན། སྨྱན་སྦྱོར་ཐོག་ཤུགས་རྐྱེན་ངན་པ་བཟོས་པ་བཅས་ཀྱི་དོན་རྐྱེན་ལ་རྩ་བ་ཁུངས་འདེད་བྱས་ཏེ། གྱོད་དོན་ཡོད་ཕྱིན་རྩད་ཞིབ་དང་། རྩད་ཆོད་ཐུབ་རྗེས་ངེས་པར་དུ་ཉེས་ཆད་གཅོད་རྒྱུ། གནད་དོན་ཚབས་ཆེན་གྱི་འགན་ཁུར་པ་གཙོ་བོ་དང་ཞིབ་ཕྲའི་འགན་འཁུར་མི་སྣར་ཐག་གཅོད་ནན་མོ་བྱེད་དགོས།

དྲུག་པ། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་རྒྱག་པ།

ལས་རིགས་མཐུན་ཚོགས་སོགས་ལས་རིགས་ཀྱི་རང་གཅུན་བྱེད་ཤུགས་ཆེར་གཏོང་མ་ལག་འཛུགས་སྐྲུན་བྱས་ནས། རྨང་གཞིའི་གློག་འཕྲིན་ཁེ་ལས་དང་སྒུལ་བདེའི་བརྒྱུད་འཚོང་ཁེ་ལས། བརྡ་གཏོང་ལྟེ་གནས་ཀྱི་ཁེ་ལས་བཅས་ལ་མཉམ་འབྲེལ་གྱིས། སྐད་སྒྲའི་བྱེད་སྒོ་ཚད་ལྡན་ཅན་དང་། ལག་རྩལ་བྱ་ཐབས་སྔོན་འགོག་ཚོད་འཛིན་དང་། འགག་རྩའི་གྲངས་གཞི་མཉམ་སྤྱོད། གཉེར་ཚོང་གི་ལས་རིགས་ཞབས་ཞུ་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ། ཁ་པར་གཉེར་ཚོང་ཚད་ལྡན་ཅན་སོགས་ཀྱི་རང་གཅུན་སྤྱི་ཆིངས་འདོན་པར་སྐུལ་ལྕག །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།