ཟླ་རྗེས་མ་ནས་མི་འདི་དག་གིས་པོད་ཕྲན་ཐོ་འགོད་བྱེད་མི་ཐུབ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན་ཞིན་ལང་པོད་ཕྲན་གྱི་དོ་དམ་གྱི་གཞུང་ཕྱོགས་པོད་ཕྲན་དུ། ཟླ་༡༡པའི་ཚེས་༡ཉིན་པར་གཞི་གསར་པ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། དེས་ལོ་༡༤ལོན་མེད་པའི་ནར་མ་སོན་པའི་མི་རྣམས་ཀྱི་ཐོ་འགོད་དབང་ཆ་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

སྤྱི་བསྒྲགས་ཡི་གེ་གཤམ་གསལ་ལྟར།

ལོ་༡༤མ་ལོན་པའི་ནར་མ་སོན་པའི་མིས་པོད་ཕྲན་ཐོ་འགོད་དང་བེད་སྤྱོད་བྱེད་པའི་སྒྲིག་ལམ་སྙོམས་སྒྲིག་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།

སྔར་བས་དྭངས་གཙང་དང་། སྐྱོན་མེད། ཚུལ་ལྡན། སྒྲིག་རིམ་ལྡན་པ་བཅས་ཀྱི་སྟེགས་བུའི་ཁོར་ཡུག་ཅིག་བསྐྲུན་པའི་ཆེད་དང་། ནར་མ་སོན་པའི་མིའི་དྲ་རྒྱའི་བར་སྟོང་གི་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱ་ཆེད། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས། པོད་ཕྲན་གྱིས་ནར་མ་སོན་པའི་མིས་པོད་ཕྲན་གྱི་ཐོན་རྫས་ཐོ་འགོད་དང་བེད་སྤྱོད་བྱེད་པའི་སྒྲིག་ལམ་སྙོམས་སྒྲིག་བྱ་རྒྱུ་ཡིན།

སྤྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༡ཉིན་ཤར་གཏོང་བྱ་རྒྱུ་ཡིན་པའི་པར་གཞི་གསར་པ་ནས་བཟུང་། པོད་ཕྲན་གྱིས་ལོ་༡༤མ་ལོན་པའི་ནར་མ་སོན་པའི་མིའི་ཐོ་འགོད་དབང་ཆ་མཚམས་འཇོག་རྒྱུ་ཡིན།

དུས་མཚུངས་སུ་པོད་ཕྲན་གྱིས་ནར་མ་སོན་པའི་མིར་དམིགས་བསལ་པར་གཞི་གང་མགྱོགས་གསར་སྤེལ་བྱེད་ཀྱི་ཡོད་པ་དང་། ཆེད་དུ་ནར་མ་སོན་པའི་མིས་ལྟ་བཤེར་དང་ཐེ་ཞུགས་བྱ་རྒྱུར་འཚམས་པའི་ནང་དོན་དང་བྱ་འགུལ་མཁོ་འདོན་བྱ་རྒྱུ་ཡིན་ལ། ནར་མ་སོན་པའི་མིར་སྲུང་སྐྱོབ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན།

པོད་ཕྲན་གྱིས་ཐོག་མཐའ་བར་གསུམ་དུ་ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་མ་ཟད། རྒྱུན་མཐུད་ངང་ནར་མ་སོན་པའི་མིར་དྲ་རྒྱའི་བར་སྟོང་གང་ལེགས་བསྐྲུན་རྒྱུར་འབད་པ་བྱེད་ཀྱི་ཡོད། ང་ཚོས་ཀྱང་བེད་སྤྱོད་བྱེད་མཁན་མང་ཚོགས་ཀྱིས་ཐུན་མོང་ལྟ་སྐུལ་དང་། ཐུན་མོང་ཐེ་ཞུགས་བྱས་ནས་དྲ་རྒྱའི་ཁོར་ཡུག་གཙང་མ་མཉམ་དུ་གཏོད་རྒྱུར་རམ་འདེགས་གནང་རྒྱུུའི་རེ་བ་ཞུ་རྒྱུ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།