ཐོབ་ཐང་ལག་ཁྱེར་བསྐྱར་དཔར་མའི་སྟེང་དུ་ཡི་གེ་འདི་དག་བྲིས་ན་ལེགས།
སྤེལ་བའི་དུས་ཚོད། : 2018-10-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྟོན་གུང་གསེང་ནང་ཡུལ་སྐོར་དུ་འགྲོ་བའི་སྐབས། མགྲོན་ཁང་དུ་འདུག་དུས་སྤྱིར་བཏང་དུ་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱེད་དགོས། ཡིན་ནའང་ཁྱེད་ཀྱིས་ཐོབ་ཐང་ལག་ཁྱེར་གྱི་བདེ་འཇགས་སྤྱོད་ཐབས་ཤེས་སམ། གནས་ཚུལ་ཅི་འདྲའི་འོག་ཏུ་ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་བཙན་ཉར་བྱེད་སྲིད་པ་དང་། ཐོབ་ཐང་ལག་ཁྱེར་བསྐྱར་དཔར་མའི་སྟེང་དུ་ཟུར་མཆན་འགོད་དགོས་མིན་སོགས་ལ་རྒྱུས་ལོན་ཅུང་ཙམ་བྱོས་དང་། དགོས་མཁོ་ཆེ།

ཐོང་ཐང་ལག་ཁྱེར་རང་དགར་དཔར་སློག་རྒྱག་པ་དང་བཀག་ཉར་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

རྒྱལ་ཁབ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་ཚན་པ་དང་དེའི་ལས་བྱེད་མི་སྣས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་དགར་དཔར་སློག་རྒྱག་པ་དང་། བཤར་འབེབས་བྱེད་མི་ཆོག་པ་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཀག་ཉར་དང་ཡང་ན་གཏའ་མར་འཇོག་མི་ཆོག སྤྱི་དམངས་ནས་ཐོང་ཐང་ལག་ཁྱེར་རང་དགར་དཔར་སློག་རྒྱག་པ་དང་། བཤར་འབེབས་བྱེད་པ། ཡང་ན་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཙན་ཉར་བྱེད་པའི་བྱ་སྤྱོད་སོགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གཤམ་གྱི་གནས་ཚུལ་འདི་འདྲའི་འོག་སྤྱི་བདེ་ཕྱོགས་ནས་ཐོབ་ཐང་ལག་ཁྱེར་ལེན་ཆོག

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཅོ་ལྔ་པའི་ནང་གཏན་འབེབས་བྱས་དོན། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ཚེ་ཁྲིམས་འཛིན་ལག་ཁྱེར་བསྟན་པ་བརྒྱུད་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དཔྱད་བཤེར་བྱས་ཆོག་པ་སྟེ།

  • ཁྲིམས་འགལ་དོགས་ཡོད་མི་སྣའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ།
  • ཁྲིམས་ལྟར་ལས་ཡུལ་དངོས་སུ་རྩིས་སྤྲོད་དོ་དམ་བྱེད་སྐབས་འབྲེལ་ཡོད་མི་སྣའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ།
  • སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་པ་ཚབས་ཆེན་ཐེབས་པའི་དོན་རྐྱེན་གློ་བུར་བྱུང་དུས། དོན་རྐྱེན་བྱུང་ཡུལ་གྱི་འབྲེལ་ཡོད་མི་སྣའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ།
  • བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བའི་གནས་ཚུལ་གཞན་པ་བཅས་སོ།

གོང་གསལ་དོན་ཚན་ནང་དུ་འཁོད་པའི་གནས་ཚུལ་ལས་རིགས་གཅིག་བྱུང་ནས། མི་དམངས་ཉེན་རྟོག་པས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དཔྱད་བཤེར་བྱེད་པ་དང་ལེན་མི་བྱེད་མཁན་ལ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གནས་ཚུལ་མི་འདྲ་བར་གཞིགས་ཏེ་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱ་རྒྱུ།

གོང་གི་གཏན་འབེབས་ལྟར་སྤྱི་བདེ་ལས་ཁུངས་ལ་དཔྱད་བཤེར་བྱེད་པའི་དབང་ཆ་ཡོད་པ་ཕུད། ཐོབ་ཐང་ལག་ཁྱེར་བཙན་ཉར་བྱས་ཆོག་པའི་ལས་ཁུངས་དང་རྒྱུ་མཚན་གཞན་མེད་ལ། བཙན་ཉར་བྱེད་པའི་དུས་ཚོད་ཀྱང་མེད།

མི་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་པའི་ཐོབ་ཐང་ལག་ཁྱེར་བཀག་ཉར་བྱས་མི་ཆོག

མི་བཀོལ་མཁན་ལས་ཁུངས་ཀྱིས་ངལ་རྩོལ་པའི་ཐོབ་ཐང་ལག་ཁྱེར་དང་ལག་ཁྱེར་གཞན་དག་བཙན་ཉར་བྱེད་མི་ཆོག་པ་དང་། འགན་ལེན་བྱ་དགོས་པའི་རེ་བ་བཏོན་པའམ་དོན་དག་གཞན་ལ་ཁ་གཡར་ནས་ངལ་རྩོལ་པའི་རྒྱུ་དངོས་བསྡུ་མི་ཆོག

ཐོབ་ཐང་ལག་ཁྱེར་དཔར་སློག་རྒྱག་སྐབས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད།

ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་མ་བཀོལ་ཚར་རྗེས་གང་འདོད་དུ་གཡུག་མི་རུང་ཞིང་། དུས་ལྟར་ཟུར་མཆན་བཀོད་ནས་ཁྲིམས་འགལ་མི་སྣས་བེད་སྤྱོད་བྱས་ཏེ་རང་ལ་རྒྱུ་ནོར་གྱི་གྱོང་གུན་བཟོ་བ་སྔོན་འགོག་བྱེད་དགོས།

  • བསྐྱར་དཔར་མ་བཀོལ་སྤྱོད་བྱས་ནས་བྱ་བ་སྒྲུབ་སྐབས་ཟུར་མཆན་འགོད་དགོས། རབ་ཡིན་ན་ཁ་དོག་སྔོན་པོ་དང་ནག་པོ་གང་རུང་གི་སྨྱུ་གུ་སྤྱད་ནས་འབྲི་དགོས།
    ཟུར་མཆན་ནང་ཐོབ་ཐང་ལག་འཁྱེར་གྱི་སྤྱོད་སྒོ་གསལ་པོར་འགོད་དགོས། ཐེངས་གཅིག་ཁོ་ནར་བེད་སྤྱོད་བྱེད་པ་དང་། ཡང་བསྐྱར་དཔར་སློག་རྒྱབ་ན་ནུས་པ་མི་ཐོན་པ་སོགས་ཀྱི་ནང་དོན་འགོད་དགོས། སྤྱིར་བཏང་གི་འགྲོ་ལུགས་གཉེར་སྐབས་བསྐྱར་དཔར་མ་འདི་ནི་དོན་དག་འདི་ཁོ་ན་སྒྲུབ་པར་སྤྱོད་རྒྱུ་དང་། དེ་ནས་ཡང་བསྐྱར་བསྐྱར་དཔར་བྱས་ན་གོ་མི་ཆོད་པ་ཡིན་ལྟ་བུ་འབྲི་དགོས།
  • ཟུར་མཆན་དེ་ཐིག་ཕྲེང་གསུམ་དུ་བགོས་ནས་འབྲི་དགོས། མགོ་མཇུག་ཏུ་འཕྲེད་ཐིག་གཅིག་འབྲི་དགོས།
  • ཟུར་མཆན་གྱིས་ཐོབ་ཐང་ལག་ཁྱེར་གྱི་ནང་དོན་ཁག་གཅིག་ཁེབས་པ་བྱ་དགོས།

ཐིག་ཕྲེང་རེའི་མགོ་མཇུག་ཏུ་འཕྲེད་ཐིག་གཅིག་བྲིས་པ་ཡིན་ན། མི་གཞན་གྱིས་ཡི་གེ་གཞན་སྣོན་མི་ཐུབ།

དྲ་རྒྱའི་ཐོག་ཐོབ་ཐང་ལག་ཁྱེར་བསྐུར་སྐབས་ཡིད་གཟབ་བྱེད་དགོས།

དེང་སྐབས། དྲ་ཚིགས་དང་Appཁ་ཤས་སུ་སྤྱོད་མཁན་གྱིས་དངོས་མིང་ར་སྤྲོད་བྱེད་སྐབས། ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་བསྐུར་དགོས། དེ་ན་ང་ཚོས་ཇི་ལྟར་འདྲ་པར་དེའི་སྟེང་དུ་ཟུར་མཆན་འགོད་དགོས་སམ་ཞེ་ན།

  • སྦྱར་ཤོག་དྭངས་མོ་ཡི་གེ་འབྲི་བའི་སར་སྦྱར་ཏེ། སྦྱར་ཤོག་སྟེང་དུ་ཟུར་མཆན་འགོད་དགོས།
  • པར་རིས་བཟོ་བཅོས་ཡོ་བྱད་སྤྱད་ནས་ཐོབ་ཐང་ལག་ཁྱེར་གྱི་ངོས་གཉིས་ཀར་ཟུར་མཆན་འགོད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།