ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་མིག་མངས།
སྤེལ་བའི་དུས་ཚོད། : 2018-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ཀྱི་མིག་མངས་ནི་གངས་རིའི་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རོལ་རྩེད་དངོས་པོ་ཞིག་ཡིན་ལ། བོད་ཀྱི་རོལ་རྩེད་མང་ཆེ་བའི་རྩེད་སྟངས་ཀྱི་རྣམ་པ་གཅིག་མཚུངས་ཡིན། ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཤུལ་དངོས་ཡིན་པས། ཆེད་ལས་མཁས་པ་རེ་འགས་ཁུངས་ལྡན་ར་སྤྲོད་བྱས་པ་ལྟར་ན། བོད་ཀྱི་མིག་མངས་ལ་ལོ་ངོ་བཞི་སྟོང་ཡས་མས་ཀྱི་ལོ་རྒྱུས་ལྡན་ལ། དེ་ནི་བོན་ཆོས་ཅུང་དར་རྒྱས་ཆེ་བའི་དུས་སྐབས་སུ་བྱུང་བ་ཞིག་རེད། སྐུ་ཞབས་ཡན་ཀྲིན་ཀྲུང་གིས་གསལ་བོ་བཤད་རྒྱུར། ནང་བསྟན་མིག་མངས་ནི་བོན་ཆོས་དར་བའི་སྐབས་སུ་བྱུང་ལ། རྒྱ་གར་མིག་མངས་ནི་བོད་ནས་ནང་འདྲེན་བྱས་པ་ཞིག་རེད། དེའི་ཐོག་ནས་བོད་ཀྱི་མིག་མངས་ནི་དངོས་གནས་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

བོད་ཀྱི་མིག་མངས་ནི་རྒྱའི་མིག་མངས་དང་འབྲེལ་བ་མེད་མོད། དེ་དག་ལ་ཐུན་མོང་གི་ཁྱད་ཆོས་མང་བོ་ཞིག་ཀྱང་ཡོད། དཔེར་ན། འབྱུང་ཁུངས་ཀྱི་དུས་ཀྱི་ཆ་ནས་བརྗོད་ཚེ། དེ་གཉིས་ཧ་ལམ་འདྲ་བ་རེད། མིག་མངས་ཀྱི་བེད་སྤྱོད་ཅ་ལག་གི་ཐད་ནས་རྡེའུ་དཀར་ནག་གཉིས་ཡོད་པའི་ཁག་གཅིག་ནི་འགྲན་ཞུགས་ཀྱི་མི་གྲངས་ཀྱི་ཆ་ནས་ཚང་མར་མི་གཉིས་རེ་ཡིན་པ་དང་། འགྲན་བསྡུར་གྱི་སྒྲིག་སྲོལ་ཡང་ཧ་ལམ་འདྲ་བ་རེད།

འོན་ཀྱང་བོད་ལྗོངས་ཀྱི་མིག་མངས་ལ་རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་ལྡན། བོད་དུ་ཁ་མདོག་རི་གནས་ཀྱི་དཀར་བོ་ལ་དད་པ་བྱེད་ལ། དེས་དྲང་བདེན་དང་བདེ་ལེགས། ཁྱད་འཕགས་མཚོན། ནག་པོ་ནི་ལྟོས་བཅས་ཀྱིས་བཤད་ན་ལྟས་ངན་དང་ནག་ཉེས། ཐ་ཤལ་གྱི་མཚོན་རྟགས་ཡིན། མིག་མངས་རྩེད་སྐབས་དཀར་བོར་དད་མོས་ཀྱི་དབང་གིས་རྡེའུ་དཀར་བོ་སྔོན་དུ་བསྐྱོད་དགོས། རྡེའུ་དཀར་བོས་གདོང་གཏོད་པ་ནི་ལྟས་ངན་དང་ནག་ཉེས་ཡིན་ལ། དེ་གསོད་དགོས་པ་དང་རྡེའུ་འཇོག་སྐབས་ཁ་ནས་དམོད་པ་དང་རང་གི་མཐུ་ལ་བརྟེན་ནས་ཕ་རོལ་བོར་དམོད་པ་རེད། བོད་ཀྱི་མིག་མངས་ནི་ཆེས་གདོད་མའི་མཐུ་སྟོབས་འདི་ལྟ་བུ་ལ་བརྟེན་ནས་ཕྱིར་མངོན་བྱེད་པའི་རིག་གནས་ཤིག་ཡིན། རྒྱའི་མིག་མངས་ཀྱི་རྡེའུ་དཀར་ནག་གཉིས་ནི་འདྲ་མཉམ་ཡིན་ལ། མཐོ་དམན་གྱི་དབྱེ་བ་མེད། འགྱིག་དང་བོར་དཀར་བོ་སྔོན་དུ་སོང་ན། འགྱིག་རྗེས་མར་ནག་པོ་སྔོན་དུ་བསྐྱོད་དགོས། ཕྱོགས་གཉིས་ཀའི་འགྲན་ཞུགས་མི་སྣའི་ལུས་གཉིས་ལྷོད་ལ་འབབ་པ་ལས་དམོད་པ་ལ་བརྟེན་ནས་ཕ་རོལ་དགྲ་བོའི་སེམས་ཁམས་ལས་རྒྱལ་རྒྱུ་དེ་ལྟ་བུ་ཞིག་གཏན་ནས་མིན། བོད་ཀྱི་མིག་མངས་རྩེད་སྐབས་དམོད་བོར་བ་ནི་བོད་ཀྱི་ཆོས་ལུགས་དང་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཐུན་མོང་མ་ཡིན་པ་ཞིག་ཡིན། བོད་ཀྱི་མིག་མངས་ནི་རོལ་རྩེད་ཀྱི་རྣམ་པ་ཞིག་ཡིན་ལ། ཆོས་ལུགས་ཀྱི་བྲོ་བ་ལྡན་པའི་རིག་གནས་ཀྱི་ཤུལ་བཞག་ཅིག་ཀྱང་ཡིན།

དེ་ལྟར་ནའང་། བོད་ཀྱི་མིག་མངས་ནི་མི་རྣམས་ཆེས་དགའ་བའི་རོལ་རྩེད་ཀྱི་བྱ་འགུལ་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོ་དང་བསྡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། མི་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་མིག་མངས་ལ་རོལ་རྩེད་རང་བཞིན་ལྡན་པས་ཆོས་ལུགས་ཀྱི་བརྗོད་དོན་རིམ་བཞིན་ཡལ་གྱིན་ཡོད་པ་དང་། གནའ་བའི་རོལ་རྩེད་འདི་ཡིས་མི་རྣམས་ལ་སྤྲོ་སྣང་མང་བོ་ཞིག་བསྐྱལ་འོང་གིན་ཡོད་དོ།།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
རྩོམ་སྒྲིག་པ། བསོད་ཚེ།