ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ་འབེབ་སྐྲུན་བྱེད་མགོ་བརྩམས་པ།
སྤེལ་བའི་དུས་ཚོད། : 2018-04-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གློག་བརྙན་ལྷ་མོ་དང་སྐལ་བྷེའི་འབེབ་སྐྲུན་མཛད་སྒོ་མཚོ་ལྷོ་འབའ་རྫོང་དུ་བསྡུས་པ།

ཁྱུང་ཆེན་བརྙན་གླིང་དང་སི་ཁྲོན་མེའེ་ལེན་ཁྲུན་ཨུན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་མཉམ་སྐྲུན་བྱེད་བཞིན་པའི་གློག་བརྙན་ལྷ་མོ་དང་སྐལ་བྷེ་ཞེས་པ་མཚོ་ལྷོ་འབའ་རྫོང་དུ་ཟླ་བཞི་བའི་ཚེས་བདུན་ཉིན་འབེབ་སྐྲུན་བྱེད་མགོ་བརྩམས།

གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པ་དང་། ཧྥུན་ཅ་མེ་ཡིས་སྤྱིའི་འབེབ་སྐྲུན་པའི་འགན་ཁུར་ཅིང་། བོད་ཀྱི་འཁྲབ་སྟོན་པ་བསོད་ནམས་ཉི་མ་དང་བདེ་སྐྱིད་གཉིས་ནི་སོ་སོར་ཕོ་མོའི་གཙོ་འཁྲབ་པ་ཡིན།

གློག་བརྙན་འདིའི་མགོ་མཇུག་བར་གསུམ་འབའ་རྫོང་གི་མངའ་ཁོངས་ནས་འབེབ་སྐྲུན་བྱེད་རྒྱུ་ཡིན་ལ། ཚོད་དཔག་གི་དུས་ཡུན་ཟླ་བ་གཅིག་ཡིན། བོད་སྐད་ཀྱི་གློག་བརྙན་ལྷ་མོ་དང་སྐལ་བྷེའི་ནང་དུ་མི་སྣ་གཙོ་བོ་ལྷ་མོའི་དཀའ་སྡུག་དང་བརྗོད་པར་དཀའ་བའི་ཚོར་འདུ་བརྗོད་ཡོད་ལ། གློག་བརྙན་འདིའི་ནང་མི་སྣ་ཕལ་བ་རེ་འགའི་དུང་ཚོར་གཏམ་རྒྱུད་ལ་གཞི་བྱས་ཏེ་དེང་རབས་བོད་མིའི་འཚོ་བའི་རྣམ་པ་དང་སེམས་འགྱུའི་བརྒྱུད་རིམ་འདུ་བར་བྱས་ཡོད།

འབེབ་སྐྲུན་ལས་མི་ཡོངས་ཀྱི་ལྷན་པར།

བརྙན་སྒོ་ཐོག་མར་འབྱེད་པ།

གཙོ་འཁྲབ་པ་བསོད་ནམས་ཉི་མ།

གཙོ་འཁྲབ་མ་བདེ་སྐྱིད།

བརྙན་འབེབ་བྱེད་བཞིན་པའི་ཟུར་ཅིག

བརྙན་འབེབ་བྱེད་བཞིན་པའི་ཟུར་ཅིག

ཡོང་ཁུངས། ཁྱུང་ཆེན་བརྙན་གླིང་།