༼ ལོ་གསར་སྐབས་ཀྱི་སྟོན་བཤད་ཀྱི་ཁྱད་ཡོན་གླེང་བ།༽
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱིར་ང་ཚོའི་བོད་མི་རིགས་ནི་ལོ་རྒྱུས་རིང་ཞིང་། གནའ་ནས་ད་བར། ང་ཚོའི་བོད་མི་རིགས་ཀྱིས་འཛམ་བུའི་གླིང་འདིའི་ཐོག་ཏུ་བཞག་པའི་བྱས་རྗེས་དེ་ནི་བགྲང་དུ་མེད་ལ། ང་ཚོ་བོད་ཀྱི་རིག་གནས་དེ་ནི་འཛམ་གླིང་ལོ་རྒྱུས་རིག་གནས་ཁྲོད་དུ་ཆེས་འོད་སྟོང་འབར་ལ། མཚར་སྡུག་ལྡན་པའི་རྟ་བདུན་དབང་པོ་ཞིག་དང་མཚུངས། ད་དུང་རྗེས་སུ་དེ་མུ་མཐུད་དུ་རྒྱུད་འཛིན་དང་དར་སྤེལ་བྱ་རྒྱུ་དེ་ནི་ང་ཚོའི་ན་གཞོན་རྣམས་ཀྱི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན་ལ། དེ་ནི་ནམ་ཡང་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཆགས་པ་བྱེད་དགོས། དེས་ན་ལོ་གསར་སྐབས་སྟོན་བཤད་བྱེད་པའི་དགོས་པ་དང་དེའི་ཁྱད་ཆོས་སྐོར་ལ་རྒན་གཡུལ་རྒྱལ་ལགས་ལ་བཅར་འདྲི་ཞུས་པའི་སྒྲ་ཕབ་དངོས་འདི་གསན་དང་ཁྱེད་རང་གི་འདི་ལོའི་ལོ་གསར་དེ་ཡང་དོན་སྙིང་དང་ལྡན་པ་ཞིག་གི་སྒོ་ནས་གཏོང་ཐུབ་ངེས་རེད།

རྩོམ་སྒྲིག་འགན་འཁུར་བ། ལྷག་པ།
གསར་འགོད་པ། བསྟན་དབང་།