ཀྲུང་དབྱང་མི་རིཊ་སློབ་ཆེན་དུ་བོད་ཀྱི་རིག་གནས་དུས་ཆེན་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-11-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་འདིའི་ཚེས༢༥ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་རིག་གནས་ཡར་སྐུལ་ཚོགས་པས་གཙོ་སྒྲུབ་བྱས་པའི་ཅིང་སྡོད་བོད་རིགས་སློབ་མའི་བོད་ཀྱི་རིག་གནས་དུས་ཆེན་སྐབས་བདུན་པ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས་ཡོད་ལ། སྔ་དྲོ་ཆུ་ཚོད་༩ ནས་མགོ་བརྩམས་ཏེ་ཞབས་བྲོ་དང་གླུ་དབྱངས། སྙན་ངག་གྱེར་འདོན། བཞད་གར། ཤོམ་འགྲོ་སོགས་རིག་རྩལ་བྱེད་སྒོ་དང་།ཁབོད་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ཁྱད་ཆོས་ལྡན་པའི་རོལ་རྩེད་བྱ་འགུལ་སྣ་ཚོགས་སྤེལ། བྱ་འགུལ་སྤེལ་ཡུལ་དུ་ད་དུང་བོད་ཀྱི་ཟས་རིགས་དང་། ལག་ཤེས་ཐོན་རྫས། བོད་སྨན། གྱོན་ཆས། རིག་གནས་སོགས་ངོ་སྤྲོད་དང་འགྲེམ་སྟོན་བྱས།

བཞད་གར། ༼ང་ཡི་སྒྲ་སྒམ་ཕུགས་འདུན༽

ཤོམ་འགྲོ།

ཞབས་བྲོ། ༼གཙང་པའི་སྟོད་གཞས།༽

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

གསར་འགོད་པ། བསོད་ནམས་མཚོ།