ཀྲུང་གོའི་རྟ་རྩལ་པ་སྤེན་པ་ཚེ་རིང་ལ་བྱ་དགའ་ཨང་གཉིས་པ་ཐོབ།
སྤེལ་བའི་དུས་ཚོད། : 2017-11-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༡༡ཚེས་༡༨ཉིན། སྤྱི་ལོ་༢༠༡༧ལོའི་ལང་ཆིན་ཆུ་ཚོད་ཀྲུང་གོའི་རྟ་རྩལ་སྐོར་སྐྱོད་འགྲན་བསྡུར་ཞང་ཀང་རྟ་རྒྱུག་བུམ་པའི་འགྲན་བསྡུར་ཀོང་ཀྲུའུ་ཡི་རྟིང་རྩོད་དེ། ཀོང་ཀྲུའུ་ཧོང་ཚུན་ལུས་རྩལ་སྦྱོང་བརྡར་ལྟེ་བར་ཉིན་གཉིས་རིང་འགྲན་བསྡུར་བྱས་པ་དང་། ཕྱི་དྲོའི་ཆུ་ཚོད་༤་ཐོག་གཉེར་བའི་ལིའི་རྨིད་༡༤༥ནས་༡༥༠རིམ་པའི་ལང་ཆིན་ཆུ་ཚོད་འགྲན་བསྡུར་ནང་། ཀྲུང་གོའི་རྟ་རྩལ་པ་སྤེན་པ་ཚེ་རིང་ལ་ཉེས་སྐར་སྟོང་པ་དང་། སྐར་ཆ་༥༩དང་གྲངས་ཆུང་༢༦བླངས་ནས་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་རེད།

ཧྥ་རན་སེའི་རྟ་རྩལ་པ་ཨའོ་ལི་ཝེ་ཨེར་ཅི་ལུང་གིས་ཉེས་སྐར་སྟོང་པ་དང་། སྐར་ཆ་༥༦དང་གྲངས་ཆུང་༡༠བླངས་ནས་ཐེངས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་རྟ་རྩལ་པ་སྤེན་པ་ཚེ་རིང་གིས་ཨང་གཉིས་པ་བླངས་ཤིང་། ཧོ་ལན་ཀྲིའི་རྟ་རྩལ་པ་ཝུན་སི་ཐེ་ཝེ་མུའུ་ལུན་གྱིས་ཉེས་སྐར་སྟོང་པ་དང་། སྐར་ཆ་༦༡དང་གྲངས་ཆུང་༢༥བླངས་ནས་ཨང་གསུམ་པ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ཐ་ལི་ནས་ཡོང་བའི་ལམ་ཐིག་ཇུས་བཀོད་པས་ལམ་ཐིག་བཀག་རྒྱ་ཚགས་དམ་པོ་བཟོས་ཡོད་པས་རྟ་རྩལ་པ་རྣམས་ལ་འདེམས་ཁ་བྱེད་པའི་བར་སྟོང་ཆེན་པོ་ཡོད་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་གྱི་ལམ་ལུགས་ནི་དུས་ཚོད་སུ་མགྱོགས་པ་དང་། འགྲན་བསྡུར་བྱེད་སའི་ལམ་ཐིག་ཡོངས་ལ་རྨིད་༤༧༠ཡོད་ལ། ཁྱོན་བཀག་དངོས་༡༡ཡོད་ཅིང་། དེའི་ཁྲོད་ཀྱི་བཀག་དངོས་ཨང་༥དང་ཨང་༡༠གཉིས་ནི་མཉམ་སྡེབ་བཀག་དངོས་ཡིན་པ་རེད། འགྲན་བསྡུར་ཡོངས་ལ་རྟ་རྩལ་པས་ཁྱོན་མཆོངས་ཐེངས་༡༣བྱ་དགོས་ཀྱི་ཡོད་པ་དང་། འགྲན་བསྡུར་གྱི་དུས་ཚོད་སྐར་ཆ་༧༦ཡིན་ཞིང་། ཁྱོན་མི་རྟ་༢༩ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པ་རེད།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།