མི་རིགས་ཁག་གི་གེ་སར་སྒྲུང་གི་དཔྱད་གླེང་གྲོས་ཚོགས།
སྤེལ་བའི་དུས་ཚོད། : 2017-11-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་བའི་སྤྱི་ལོ་༢༠༡༧ལོའི་ཀྲུང་གོའི་མི་རིགས་ཁག་གི་གེ་སར་སྒྲུང་གི་དཔྱད་གླེང་གྲོས་ཚོགས་ཉེ་ཆར་ལན་ཀྲོའུ་རུ་སྐོང་འཚོགས་བྱས།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་སྤྱི་གཞོན་པ་སུའུ་ཡུས་ཕུ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་འགོ་འཛིན་ལྷུན་གྲུབ་དབང་མོས་དཔྱད་གླེང་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་།

པེ་ཅིང་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན། ནང་སོག་སོགས་ས་གནས་ཀྱི་ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་ཁག་ནས་ཕེབས་པའི་གེ་སར་ཞིབ་འཇུག་ཆེད་མཁས་དང་ དེ་བཞིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ལན་ཀྲོའུ་སློབ་གྲྭ་ཆེན་མོ། སི་ཁྲོན་སློབ་གྲྭ་ཆེན་མོ་སོགས་ཀྱི་འབུམ་རམས་པ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་བཅས་ཁྱོན་མི་གྲངས་བརྒྱད་ཅུ་ལྷག་ཙམ་དཔྱད་གླེང་གྲོས་ཚོགས་ལ་ཞུགས།

བརྗོད་དོན་གཙོ་བོའི་གཏམ་བཤད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ། གེ་སར་ཞིབ་འཇུག་ཆེད་མཁས་དབྱང་ཨེན་ཧུང་།

 

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། གེ་སར་ཞིབ་འཇུག་ཆེད་མཁས་ལྡོང་ནོར་སྡེ།

སི་ཁྲོན་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཞུས་ཞིང་ཅན།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཨ་ཏེ་ལེ་ཅུས་མར་ཐུའུ་ཨེར་ཏེ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲུང་ཅིན་ཝན།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན།

ཚོགས་ཆུང་གྲོས་བསྡུར་གྱི་གཏམ་བཤད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གེ་སར་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན། སྐད་གྲགས་ལྡན་པའི་སྒྲུང་པ་ཐུབ་བསྟན་འབྱུང་གནས།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཝང་ཀུའོ་མིང་།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་དབང་དགེ་ལེགས་(དཀྱིལ)ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་ལ་གེ་སར་སྒྲུང་འཆད་གྱེར་གྱི་འོད་སྡེར་ཕུལ་བ།

ནུབ་བྱང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧན་ཝེ།

མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་སའོ་ཡི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་གཞོན་པ་སྙིང་བོ་ཚེ་རིང་།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་སྨན་ཤུལ་རིན་ཆེན་རྡོ་རྗེ།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཏུང་ཞའོ་རུང་།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨེར་ཏེང་པེ་ལེ་ཀེ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོ་ཝུན་མེ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆི་ཡུས་ཧྭ།

མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ལས་རོགས་ཞིབ་འཇུག་པ་དབང་ཆེན་ཚེ་རིང་།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་རྡོ་རྗེ་ཚེ་རིང་།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་འབྲུག་མོ་བྱམས།

ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་སྙིང་མོ་རྒྱལ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྡོ་རྗེ།༼དཀྱིལ༽

དཔྱད་གླེང་གྲོས་ཚོགས་ཐོག་ཚོགས་ཞུགས་ཆེད་མཁས་རྣམ་པས་ཀྲུང་གོའི་གེ་སར་རིག་པའི་རིག་ཚན་འཛུགས་སྐྱོང་དང་། མི་རིགས་ཁག་གི་གེ་སར་སྒྲུང་ཡིག་ཡིག་བསྒྱུར་ཞིབ་འཇུག སྒྲུང་མཁན་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་། གེ་སར་དྲ་བའི་རིག་གནས་འཛུགས་སྐྱོང་དེ་བཞིན་རྒྱུད་འཛིན་སྲུང་སྐྱོབ་སོགས་ཀྱི་བརྗོད་བྱར་གཞིགས་ནས་སྤེལ་རེས་དང་གྲོས་བསྡུར་རྒྱ་ཆེ་གཏིང་ཟབ་གནང་།

དཔྱད་གླེང་གྲོས་ཚོགས་ཐོག་ད་དུང་ཞིབ་འཇུག་སློབ་མའི་གླེང་སྟེགས་བཙུགས་ནས། གེ་སར་སྒྲུང་མྱུར་སྐྱོབ་དང་སྲུང་སྐྱོབ། པར་གཞི་ལེགས་སྒྲིགསྒྲུང་ངག་གི་དབྱངས་རྟ་ཞིབ་འཇུག སྒྲུང་གི་གྲུབ་ཚུལ། གཏམ་དཔེ། མི་སྣ། ཆོས་ལུགས་དད་མོས། སྒྱུ་རྩལ། རྒྱན་གོས་སོགས་ཀྱི་ཐད་གྲོས་བསྡུར་གཏིང་ཟབ་གནང་།

ཐེངས་འདིའི་གེ་སར་སྒྲུང་གི་དཔྱད་གླེང་གྲོས་ཚོགས་དེ་ནུབ་བྱང་མི་རིགས་སློབ་ཆེན་ཚན་ཞིབ་ཁྲུའུ་དང་། གེ་སར་ཞིབ་འཇུག་གླིང་གིས་མཉམ་འབྲེལ་ཐོག་འགན་གཉེར་གནང་།

རྩོམ་སྒྲིག་པ། འཇམ་དབྱངས་ཆོས་སྒྲོན།