གངས་དཀར་རྫོང་གི་བདག་གཉེར་བ་ནོར་བུ་དབང་རྒྱལ་དང་ཁ་བརྡ་བྱེད་པ།
སྤེལ་བའི་དུས་ཚོད། : 2017-11-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ཉན་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ། སྟོན་མཇུག་གི་ཉི་ཟེར་ཞིག་དང་ལྷན་དུ་དེ་རིང་ང་ཚོས་ཁྱེད་ལ་དར་རྩེ་མདོ་གངས་དཀར་རྫོང་གི་ལས་གཏོད་པ་གཅིག་དང་ད་ལྟའི་བདག་གཉེར་བ་ནོར་བུ་ལགས་ཀྱི་ཕུགས་བསམ་དང་། ཁོང་ཚོས་ཕྲུ་གུ་ལྟར་གཅེས་ཤིང་སྐྱོང་བའི་གངས་དཀར་རྫོང་། དེ་བཞིན་མགྲོན་ཁང་བདག་གཉེར་བྱེད་སྟངས་དང་དཀར་མཛེས་ཁུལ་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་ཐད་ལ་ནོར་བུ་ཁོང་གིས་འཛིན་པའི་ལྟ་བ་སོགས་ཞུ་རྒྱུ་ཡིན་པས། ལྷན་རྒྱས་ནས་གསན་པར་དགའ་བསུ་ཞུ།

ནོར་བུ་དང་གངས་དཀར་རྫོང་།

དབྱར་དུས་ཀྱི་གངས་དཀར་རྫོང་།

གངས་དཀར་ཤེལ་གྱིས་གཡོགས་པའི་གངས་དཀར་རྫོང་།

ས་ཁེམ་གང་དང་རྡོ་ལག་གང་རེས་གངས་དཀར་རྫོང་སྐྲུན་དུས་ཀྱི་རྣམ་པ་ཁག་ཅིག

གངས་དཀར་རྫོང་གི་སྒེའུ་ཁུང་ནས་གངས་དཀར་རི་བོ་མཇལ་བ།

སྐར་མ་བཅོ་ལྔ་ཟེར་ན་དུས་ཚོད་ཐུང་ངུ་རེད། དེ་བས་ངས་འདི་ནས་བསྟན་ཐུབ་པ་ནི་ནོར་བུ་དང་གངས་དཀར་རྫོང་བར་གྱི་གཏམ་རྒྱུད་ཐུང་ངུ་ཙམ་ཞིག་རེད། ཡིན་ནའང་ལེ་ཚན་འདིའི་ནང་ང་ཚོས་ཤེས་ཐུབ་པ་ཞིག་ནི་རང་གིས་ལག་པར་བརྟེན་ནས་དཀའ་སྤྱད་འབད་འཐབ་བྱས་ན་འབྲས་བཟང་སྨིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་དེ་རེད། གནའ་བོའི་མཁར་རྫོང་ནས་ད་ལྟའི་གངས་དཀར་རྫོང་བར། ནོར་བུ་ཁོང་ཚོར་དཀའ་ལས་མང་པོ་འཕྲད་ཡོད་རེད། ཡིན་ནའང་སེམས་ཤུགས་ཆེན་པོས་འབད་བརྩོན་དང་རྒྱུན་འཁྱོངས་བྱས་ཙང་། གངས་དཀར་རྫོང་དང་ཁོང་ཚོར་དེང་སང་གི་འབྲས་བཟང་འདི་ཐོབ་ཡོད།

ཡ། ཁྱེད་རང་ནས་ད་ལྟའི་བར་དུ་གཟིགས་པ་དང་གསན་པར་ཐུགས་རྗེ་ཆེ་ཞུ་བ་ཡིན།

ལེ་ཚན་གཙོ་སྐྱོང་བ། བདེ་གཡང་།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།