མཚོ་སྔོན་ཞིང་ཆེན་དུ"མཐོ་སྒང་གི་མུ་ཏིག་ནག་པོ"ཞེས་པ་ཡིས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་རོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ནི་ཆབ་ཆ་གཤོངས་ས་དང་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། འདི་རུ་དགུན་ཁར་གྲང་ངར་ཆེན་པོ་མེད་ལ། དབྱར་ཁར་ཚ་གདུག་ཆེན་པོ་ཡང་མེད་པས། རྩྭ་ཐང་གི་ཕྱུགས་ལས་འཕེལ་རྒྱས་གཏོང་བར་འཚམས་པོ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་མང་རའི་བོད་ལུག་ནག་པོ་ཐོན་ཁུལ་གཙོ་བོ་ཡིན་ཞིང་། ད་ལྟ་དངོས་ཡོད་བོད་ལུག་ནག་པོ་ཧ་ལམ་6263ཡོད་པ་རེད། 2013ལོར་མང་ར་རྫོང་དུ་བོད་ལུག་ནག་པོ་གསོ་སྤེལ་མཐུན་ཚོགས་བཙུགས་པ་དང་། དུས་མཉམ་དུ་མཚོ་སྔོན་མང་རའི་མཐོ་སྒང་འབྲོག་ལས་དང་ངོས་འཛིན་གཅིག་མཐུན་བྱུང་ནས“ཁེ་ལས་+མཉམ་ལས་ཁང་+འབྲོག་པའི་དུད་ཁྱིམ་+རྟེན་གཞི”ཡི་ཐོན་ལས་ཕྲེང་བ་གྲུབ་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།