བོད་ལྗོངས་ཀྱིས་དམངས་སྤྱོད་མཁའ་ཐོག་ནད་བཅོས་རོགས་སྐྱོབ་དཔུང་ཁག་དང་པོ་དེ་བཙུགས་པ།
སྤེལ་བའི་དུས་ཚོད། : 2017-10-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་དགུ་དགུ་དགུ་མཁོ་བསྟུན་ནད་བཅོས་སྲོག་སྐྱོབ་རོགས་སྐྱོབ་ལྟེ་གནས་སྤྱི་ཟླ་༩པའི་ཚེས་༣༠ཉིན་ལྷ་སར་བཙུགས་ཡོད་པ་དང་། དེའི་ཐོག་ནས་བོད་ལྗོངས་ལ་དམངས་སྤྱོད་མཁའ་ཐོག་ནད་བཅོས་སྲོག་སྐྱོབ་རོགས་སྐྱོབ་སྟོབས་ཤུགས་དང་པོ་དེ་ཡོད་པ་མཚོན་ཡོད་ཅིང་། ཕྱིན་ཆད་བོད་ལྗོངས་མངའ་ཁོངས་ཀྱི་ཚབས་ཆེའི་ནད་པས་མགྱོགས་མྱུར་དང་། གསོ་རླུང་ལྡན་པའི་མཁའ་ཐོག་བརྒྱུད་འདྲེན་དང་མཁའ་ཐོག་ནད་བཅོས་སྲོག་སྐྱོབ་ཀྱི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཅུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྐམ་སའི་མྱུར་སྐྱོབ་རླངས་འཁོར་ཕུད། རོགས་སྐྱོབ་ལྟེ་གནས་སུ་མིག་སྔར་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཆུང་གྲས་གཉིས་སྒྲིག་བཀོད་བྱས་ཡོད་ཅིང་། སྣུམ་གང་བླུགས་རྗེས་འཕུར་ཐེངས་རེར་བསྟུད་བསྟུད་ལེ་དབར་༦༠༠འཕུར་ཐུབ་པ་དང་། མྱུར་ཚད་མགྱོགས་ཤོས་སྤྱི་ལེ་༢༦༠ཟིན་གྱི་ཡོད། གནམ་གྲུའི་ཐོག་ནད་པ་གཅིག་ཞོར་འདྲེན་བྱེད་ཐུབ་པ་མ་ཟད། དབུགས་འབྱིན་རྔུབ་འཕྲུལ་ཆས་དང་། ལྡེམ་འགུལ་མི་བྱེད་པའི་ཡོ་ཆས་སོགས་སྨན་བཅོས་ཡོ་ཆས་སྒྲིག་བཀོད་བྱས་ཡོད་པ་རེད། ཐད་འཕུར་གནམ་གྲུ་དེ་ནམ་རྒྱུན་ལྷ་སའི་ཚེ་མཆོག་གླིང་གནམ་ཐང་དུ་བཀའ་བསྒུག་ནས་སྡོད་ཀྱི་ཡོད་ཅིང་། རོགས་སྐྱོབ་ཁ་པར་འབྱོར་འཕྲལ་སྐར་མ་ཉི་ཤུ་རྩ་ལྔའི་ནང་འཕུར་ཐུབ་པ་དང་། སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་༢༠ཡི་བདེ་ཐང་ལས་མི་དགོས་པར་འབབ་ཐུབ་ཀྱི་ཡོད་པ་རེད།

རོགས་སྐྱོབ་ལྟེ་གནས་ཀྱིས་ལྗོངས་ནང་ཁུལ་གྱི་སྨན་ཁང་ཁག་གཅིག་དང་མཉམ་ལས་འབྲེལ་བ་བཙུགས་ཡོད་ཅིང་། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཡོད་པ་རེད། ནད་པ་ས་ཁོངས་བརྒལ་ནས་བརྒྱུད་འདྲེན་བྱས་རྗེས། ཐད་ཀར་སྨན་ཁང་དུ་བསྡད་ནས་རྗེས་མཐུད་སྨན་བཅོས་བྱེད་ཆོག་གི་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཚེ་དགའ།