བོད་ཡིག་སྦྱངས་པའི་རྒྱལ་རོང་མ་སྨད་གཉིས།
སྤེལ་བའི་དུས་ཚོད། : 2017-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིར་ང་ཚོས་མི་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ཉན་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ། དེ་རིང་ང་ཚོས་ཁྱེད་ལ་རྒྱལ་རོང་བུ་མོ་ཚེ་དབང་སྒྲོལ་མའི་འགྲུལ་བཞུད་དང་ལམ་བར་གྱི་མཐོང་ཐོས་མྱོང་གསུམ། དེ་བཞིན་ཁོ་མོའི་ཨ་མས་བོད་ཡིག་སྦྱངས་པའི་གཏམ་རྒྱུད་སོགས་ཞུ་བཞིན། ཁོང་དང་། ཁོང་དང་འདྲ་བའི་ང་ཚོ་རང་ཉིད་ལའང་བསམ་གཞིགས་རེ་བྱེད་དོ།།

ལམ་ན་ཡོད་པའི་ཚེ་དབང་སྒྲོལ་མ།

ཚེ་དབང་སྒྲོལ་མའི་ཕ་མ་གཉིས།

ཕ་ས་དྲོན་མོ། སེམས་ཁོང་གི་ཆུ་མིག

ཞོར་དུ་ཞུ་དགོས་པ་ཞིག་ནི། ཨ་མའི་སློབ་གསོ་ནི་ཁྱིམ་ཚང་ཞིག་གི་དོན་དག་ཙམ་མ་ཡིན་པར། དེ་ནི་མི་རིགས་དང་། རྒྱལ་ཁབ་ཀྱི་སློབ་གསོ་དང་འབྲེལ་བའི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་རླབས་ཆེན་ཞིག་རེད། དེ་བས། ཨ་མར་རིག་གནས་ཡོད་ན་བུ་རྒྱུད་ལ་རིག་གནས་ཡོད་ཁོ་ཐག་ཡིན། བུ་རྒྱུད་ལ་རིག་གནས་ཡོད་ན་བདེ་སྐྱིད་ཡོང་ཁོ་ཐག་རེད། དེ་ཡང་། འདི་ནས་ཚེ་དབང་སྒྲོལ་མའི་ཨ་མའི་སྙིང་རུས་དང་རྒྱུན་འཁྱོངས་ལ་ཡི་རངས་ཞུ་བཞིན། ལེ་ཚན་འདི་གྲོགས་པོ་ཁྱེད་རང་ལ་ཕུལ་བ་ཡིན།

ལེ་ཚན་གཙོ་སྐྱོང་བ། བདེ་གཡང་།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།