ཆ་རུའི་ཀྲུང་གོའི་སྤྱི་ཚོཊ་ཁེ་ལས་བོད་ཡུལ་དུ་སྤེལ་བའི་བྱེད་སྒོ་མཇུག་སྒྲིལ།
སྤེལ་བའི་དུས་ཚོད། : 2017-07-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༢༠༡༧ལོའི་ཟླ་༧པའི་ཚེས་༡༠ནས་༡༦ཉིན་བར། ཆ་རུའི་ཀྲུང་གོའི་སྤྱི་ཚོགས་ཁེ་ལས་བོད་ཡུལ་དུ་སྤེལ་བ་ཞེས་པ་ཁྲིན་ཏུའུ་ནས་ཆས་ཏེ་གཟི་རྩ་སྡེ་དགུ་དང་མཛོད་དགེ། སྟག་ཚང་ལྷ་མོ། ཀན་ལྷོའི་གཙོས་གྲོང་། མཚོ་སྔོན་རེབ་གོང་། ཁྲི་ཀ་དང་ཟི་ལིང་། རྐང་ཚ་སོགས་ནས་རེ་རེ་བཞིན་དུ་སྤེལ་བ་དང་།ཞོར་དུ་ཡང་མཛོད་དགེ་ཁྲ་ཁྱབ་དང་ཀན་ལྷོའི་ཐེ་བོའི་གསེར་གཞུང་བོད་སྡེ། བསང་ཆུ་རྫོང་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ ནོར་ལྷ(Norlha)་དང་མཚོ་སྔོན་པོའི་འགྲམ་གྱི་མི་ཉག་ཇ་ཁང་སོགས་ལ་ལྟ་སྐོར་དུ་ཕྱིན།

ཐེངས་འདིའི་བྱ་འགུལ་ནི་ཆ་རུའི་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འགན་གཙོ་བོ་ཁུར་པ་དང་ཀྲུང་གོའི་སྤྱི་ཚོགས་ཁེ་ལས་དང་སྤྱི་ཚོགས་དངུལ་གཏོང་གླེང་སྟེགས་ཀྱི་དྲུང་ཡིག་གཞོན་པ་ཧྲིན་ཧྲུའུ་ལན་དང་ཕྱིར་ལོག་ལས་གཏོད་པ་རིག་འཛིན་མཐར་ཕྱིན་གཉིས་ཀྱིས་མགོ་འཇུག་བར་གསུམ་དུ་འཆད་ཁྲིད་གནང་པ། ཁྱོམ་སྡོམ་མི་༢༦༥བྱ་འགུལ་དུ་ཞུགས་ཡོད་ལ་དེའི་ནང་དུ་སློབ་མ་དང་དགེ་རྒན། ལས་དོན་གསར་བ་གཉེར་མཁན་དང་སྤྱི་གཉེར་ཁང་གི་ལས་བཟོ་བ་སོགས་འདུ་ལ། མོ་རིགས་ཞུགས་མཁན་༢༤%ཟིན་ཡོད། དེ་ཡང་བྱ་འགུལ་འདིའི་འགྲོ་སོང་ནི་ཆ་རུ་དང་སྤྱི་ཚོགས་ཁེ་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་༢༠༨་ཀྱིས་གྲབས་གསོག་བྱས་པའི་སྒོར་༣༠༠༢༠་དེ་ཡིན་ལ། ལྷག་པར་དུ་ཨ་ཕོ་ལུག་རྫི་སྤྱི་གཉེར་ཁང་དང་ཆུ་ཁའི་རིག་གནས། ཐོན་ཁུང་ཚོང་ར། རིན་སྤུངས་གཞིས་ཀ་སོགས་ཀྱིས་རྒྱབ་སྐྱོར་ཆེན་མོ་ཐོབ་འདུག བྱ་འགུལ་འདི་སྤེལ་བ་བརྒྱུད་བོད་ཀྱི་ན་གཞོན་གང་མང་ཞིག་གིས་ལས་དོན་གསར་པའི་ཐད་ལ་འབད་བརྩོན་བྱེད་བཞིན་པའི་སྣང་ཚུལ་མཐོང་པ་དེ་དགའ་འོས་པ་ཞིག་ཡིན་དང་། ཆ་རུའི་ཡང་བོད་ཀྱི་ལས་དོན་གསར་པ་ལ་རེ་བ ཆེན་མོ་བཅངས་ཡོད།

སྟག་ཚང་ལྷ་མོ་ན་ཡོད་པའི་བྲ་ཁྱོམ་ཚང་སྐྱེས་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ནས་བྱ་འགུལ་སྤེལ་རྗེས་ཀྱི་མཉམ་པར།

བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭར་ལྟ་སྐོར་དུ་སོང་པ་དང་བསྟན་པ་དར་རྒྱས་ཀྱིས་བཟོ་གྲྭ་བཙུགས་པའི་བརྒྱུད་རིམ་སྐོར་མཚམས་སྦྱོར་བྱེད་བཞིན་པ།

ནོར་ལྷ(Norlha)་ཚང་ལ་ཕྱིན་པ་དང་བདེ་ཆེན་དང་མཉམ་དུ་བགྲོ་གླེང་ཆུང་ཆུང་ཞིག་བྱེད་བཞིན་པ།

ཟླ་༧པའི་ཚེས་༡༣ཉིན་རེབ་གོང་རྨུ་ཐག་ཕོ་བྲང་ནས་བྱ་འགུལ་སྤེལ་བ།

ཟླ་༧པའི་ཚེས་༡༦ཉིན་མཚོ་སྔོན་རྐང་ཚ་རྫོང་བྷོ་དྷིའི་ལྗོངས་བོད་མཁར་གསོལ་མགྲོན་དུ་iYakའགོ་ཁྲིད་མཁན་རྡོ་རྗེ་ཚེ་རིང་སོགས་དང་ལྷན་དུ་བོད་ཀྱི་ཁེ་ལས་སྐོར་ལ་བགྲོ་གླེང་བྱེད་བཞིན་པ།

ཡོང་ཁུངས། ཆ་རུ་ལས་ཁྱིམ།
གསར་འགོད་པ། བདེ་གཡང་།
རྩོམ་སྒྲིག་པ། པད་མ།