མ་འོངས་པར་མི་གྲངས་ཆེས་མང་པའི་གྲོང་ཁྱེར་དེ་གང་དུ་ཡོད་སྲིད།
སྤེལ་བའི་དུས་ཚོད། : 2017-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨུ་རུ་སིའི་འཁོར་སྐར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ཞིག་སྟེ། ཁ་ན་ཏའི་ཏོ་རེན་ཏོ་སློབ་གྲྭ་ཆེན་མོའི་འཛམ་གླིང་གྲོང་ཁྱེར་ཞིབ་འཇུག་ཁང་གི་ཆེད་མཁས་པས། མ་འོངས་པའི་ལོ་༨༠ནང་། གྲོང་ཁྱེར་ཁ་ཤས་ཀྱི་མི་གྲངས་ནི་ལྡབ་བཅུ་ནས་ཉི་ཤུ་བར་འཕར་རྒྱུ་ཡིན་པ་དང་། མི་གྲངས་ཀྱི་གཞི་ཁྱོན་ནི་མིག་སྔའི་རྒྱལ་ཁབ་ཁ་ཤས་ཀྱི་གྲོང་ཁྱེར་ཧ་ཅང་ཆེན་པོ་དེ་དག་དང་མཚུངས་སྲིད་པ་མངོན་དཔག་བྱས་ཡོད་མོད། ཡིན་ནའང་མངོན་དཔག་བྱས་པའི་གྲོང་ཁྱེར་དེ་དག་ཁྲོད་ཨ་རི་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ། ཀྲུང་གོ། ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་གྲོང་ཁྱེར་གཅིག་ཀྱང་མི་འདུག

ལ་ཀོ་སི།

ཉི་ཇི་རི་ཡའི་གྲོང་ཁྱེར་ལ་ཀོ་སི་ནི་མིག་སྔར་ཧྥེ་གླིང་གི་གྲོང་ཁྱེར་ཆེས་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་འཕེལ་རྒྱས་ཆེས་མགྱོགས་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན། སྤྱི་ལོ་༢༠༡༡ལོའི་གྲངས་གཞི་ལྟར་ན། གྲོང་ཁྱེར་དེ་གར་མི་གྲངས་བྱེ་བ་༡དང་ས་ཡ་༡དང་༢འབུམ་ཡོད་པ་དང་། འཛམ་གླིང་གྲོང་ཁྱེར་ཞིབ་འཇུག་ཁང་གི་དབྱེ་ཞིབ་མི་སྣས། སྤྱི་ལོ་༢༡༠༠ལོར་སླེབས་དུས། ལ་ཀོ་སིའི་མི་གྲངས་བྱེ་བ་༨དང་ས་ཡ་༨དང་༣འབུམ་དུ་འཕར་ཏེ། འཛམ་གླིང་གི་མི་གྲངས་ཆེས་མང་པའི་གྲོང་ཁྱེར་དུ་འགྱུར་སྲིད་པ་བསྟན་ཡོད།  

ཁེན་ཧྲ་ས།

ཁོན་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་གླེང་དུས། སེམས་ནང་འཆར་ཡོང་བ་ནི་གྲོང་ཁྱེར་ཆེན་པོའི་རྣམ་པ་ཞིག་ཡིན་མི་སྲིད། ཡིན་ནའང་དེ་སྔ་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པའི་ཁེན་ཧྲ་ས་ནི་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་བཞིན་ཡོད། སྤྱི་ལོ་༢༡༠༠ལོར་སླེབས་དུས་ཁེན་ཧྲ་ས་ནི་འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་གཉིས་པ་དེར་འགྱུར་སྲིད་པ་རེད།

ཏ་རེ་སི་ས་ལམ།

སྤྱི་ལོ་༢༡༠༠ལོར་སླེབས་ཚེ། ཐན་ཙན་ཉི་ཡའི་རྒྱལ་ས་ཏ་རེ་སི་ས་ལམ་གྱི་མི་གྲངས་ནི་བྱེ་བ་༧དང་ས་ཡ་༣དང་༧འབུམ་དུ་འཕར་སྲིད་པ་དང་། གྲོང་ཁྱེར་དེའི་མི་འབོར་ལྡབ་བཅུ་ལྷག་འཕར་ཏེ་ཧྥེ་གླིང་ཙམ་མ་ཟད་འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་གསུམ་པ་དེར་འགྱུར་སྲིད་པ་རེད།

མོན་སྦེ།

མོན་སྦེ་ནི་མི་གྲངས་བྱེ་བ་༢ལྷག་ཡོད་པའི་རྐྱེན་གྱིས་འཛམ་གླིང་གྲོང་ཁྱེར་ཆེན་པོའི་གྲལ་དུ་ཡོད། མོན་སྦེ་དང་མི་གྲངས་མང་པོ་ཡོད་པའི་རྒྱ་གར་གྱི་གྲོང་ཁྱེར་གཞན་རྡེ་ལེ་དང་ ཀ་ལི་ཀ་ཏ་སོགས་ནི་མ་འོངས་འཕེལ་རྒྱས་ཇི་ལྟར་འགྲོ་རྒྱུ་ནི་དོ་སྣང་བྱེད་འོས་པ་ཞིག་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། བསྟན་འཛིན།