ན་གཞོན་དགེ་རྒན་ཕུར་སྒྲོན་ལགས་སློབ་མཐར་ཕྱིན་ལ་ཉེ་བའི་དེ་རིང་།
སྤེལ་བའི་དུས་ཚོད། : 2017-06-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་ཞིང་། ལེ་ཚན་འདི་བརྒྱུད་ནས་ང་ཚོས་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་བཤད་ཡོང་ལ། ང་ཚོས་མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ། ལང་ཚོའི་ཟླ་བ་དྲུག་པར། ང་ཚོ་ནི་སློབ་ཆེན་དགེ་རྒན་ཕུར་སྒྲོན་ལགས་དང་ལྷན་དུ་སློབ་མཐར་ཕྱིན་ནས། ཁོང་མོའི་ཕྱག་ལས་དང་སློབ་སྦྱོང་། དེ་བཞིན་ཕུགས་འདུན་བཅས་ལ་ཁ་བརྡ་བྱ་རྒྱུ་ཡིན་པས། ལྷན་རྒྱས་གསན་པར་དགའ་བསུ་ཞུ།

རི་འཛེག་རྒྱུར་དགའ་བའི་ཕུར་སྒྲོན།

ཕུར་སྒྲོན་ལ་གྲོགས་པོ་རྣམས་ནས་སྐྱེལ་མ་ཞུས་པ།

ཁྱེད་རང་ནི་ནམ་ཡང་ཉི་འོད་དང་འདྲ་བས། ཕ་ཡུལ་དུ་ལོག་རྗེས་ཁྱེད་ཀྱིས་ཉེ་འཁོར་ལ་འོད་སྣང་བསྐྲུན་ངེས། ང་ཚོར་ཡིད་ཆེས་བརྟན་པོ་ཡོད། མ་འོངས་འོད་དང་དྲོད་ཀྱིས་གང་བར་ཤོག །

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།