ལོ་རྒྱུས་ཀྱི་ཆར་རླུང་ཁྲོད་ཉམས་ཆག་ཏུ་སོང་བའི་གུ་གེའི་གནའ་ཤུལ།
སྤེལ་བའི་དུས་ཚོད། : 2017-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

—ལྐོག་གྱུར་གྱི་ཡོལ་བའི་སྲུབས་ནས། སྒྱུ་རྩལ་གྱི་བང་མཛོད་ལ་གཟིགས་དང་།

བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་ངོས་སུ་གནས་ཤིང་། ལྷོ་ནུབ་ནི་རྒྱ་གར་དང་ནུབ་བྱང་ནི་རྒྱ་གར་མངའ་འོག་གི་ཀསྨི་ར་དང་ས་འབྲེལ་དང་། ཧི་མ་ལ་ཡའི་རི་རྒྱུད་དང་གངས་རིན་པོ་ཆེའི་རི་རྒྱུད་དབར་དུ་ཆགས་ནས་ཡོད། རྫོང་འདི་ཉིད་ཉམས་དགའ་བའི་དྲུ་རིས་སྐོར་ཞིང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༥༠༠ཡི་སར་གནས་ཡོད་པ་དང་། རྒྱལ་ཁབ་ཀྱི་ས་གཤིས་བང་མཛོད་ཅེས་པའི་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ནས་ཡོད། དེ་ཡང་རྩྭ་མདའ་འདི་ཉིད་གནའ་བོའི་ཞང་ཞུང་རྒྱལ་རབས་དར་ཡུལ་ཞིག་ཡིན་ཞིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་མེས་པོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་སྐྱེ་བོའི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཉིང་བཅུད་ཀྱང་མང་དག་ཅིག་གནས་དེར་འདུས་ཡོད།

ལྷག་པར་དུ་གནས་དེའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་རྒྱལ་ཁབ་ཕྱི་ནང་གང་སར་སྐད་གྲགས་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཞིག་ཡིན། གུ་གེ་རྒྱལ་རབས་ནི་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་འབྲིང་བ་བཀྲ་ཤིས་མགོན་ནས་གུ་གེ་རྒྱལ་རབས་ཚུགས་པ་དང་། དེའི་སྲིད་དབང་གི་རྒྱུན་ནི་ལོ་ངོ་བདུན་བརྒྱ་ཙམ་བར་གནས་ཤིང་འོན་ཀྱང་གུ་གེ་རྒྱལ་རབས་ནུབ་ཚུལ་ནི་གུ་གེ་རྒྱལ་པོ་མཐའ་མ་ཁྲི་གྲགས་པ་བཀྲ་ཤིས་བསམ་ཇོ་བོ་དག་པོའི་སྐབས་ཏེ་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་དུ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཞེས་བྱ་བའི་དཔུང་དམག་གིས་བཙན་འཛུལ་བྱས་ཏེ་གུ་གེའི་རྒྱལ་རབས་གཏོར་བ་དང་དེ་རྗེས་དུས་རབས་འཕེལ་འགྱུར་གྱི་དབང་གིས་གུ་གེའི་གནའ་ཤུལ་དག་ལ་ཆག་འཇིགས་ཀྱི་ཆར་རླུང་མང་དག་ཞིག་བྱུང་ཡོད་ཅིང་དེའི་ཐད་གུ་གེའི་གནའ་ཤུལ་སྲུང་སྐྱོང་མཁན་པ་སངས་ཚེ་རིང་ལགས་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་འདི་སྐད་གསུངས།

གསར་འགོད་པས་གནའ་ཤུལ་སྲུང་སྐྱོང་མཁན་པ་སངས་ཚེ་རིང་ལགས་ལ་བཅར་འདྲི་ཞུ་བཞིན་པ།


ལོ་རྒྱུས་ཀྱི་ཆར་རླུང་ཁྲོད་ཉམས་ཆག་ཏུ་སོང་བའི་གུ་གེའི་གནའ་ཤུལ་གྱི་ཟུར་ཞིག

སྒྱུ་རྩལ་གྱིས་བྱུར་བུར་གཏམས་པའི་གུ་གེའི་ལྡེབས་རིས།ཨ་གནམ་སྔོན་པོའི་འོག་གི་གུ་གེའི་གནའ་ཤུལ།

རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
གསར་འགོད་པ། བསྟན་འཛིན་དབང་ཕྱུག