བལ་བོའི་ལོ་༨༦ཡིན་པའི་རྒན་པོ་ཞིག་ཇོ་མོ་གླང་མར་འཛེག་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-04-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༤པའི་ཚེས་༡༢ཉིན། བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ། རི་འཛེག་ལ་དགའ་བའི་རྒན་པོ་རྨེན·པར་ཏིར་·ཤར་ཊན་གྱིས་ཡོ་ག་སྦྱོང་སྟེ་རི་བོ་ཇོ་མོ་གླང་མའི་དབུ་རྩེར་འཛེག་པར་གྲ་སྒྲིག་བྱེད་བཞིན་པ། ཁོང་དགུང་ལོ་༨༦ཡིན།

ལོ་དགུའི་སྔོན་ཏེ་༢༠༠༨ལོར། ལོ་༧༧ཡིན་པའི་རྒན་པོ་ཤར་ཊན་རི་བོ་ཇོ་མོ་གླང་མའི་དབུ་རྩེར་འཛེགས་མྱོང་བ་མ་ཟད། འཛམ་གླིང་ཅི་ཉི་སི་ཟིན་ཐོ་ཡིས་དེ་ནི་རི་བོ་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་ལོ་ན་ཆེས་མཐོ་བའི་མི་དེ་ཡིན་པར་ངོས་འཛིན་བྱས་ཡོད། ཡིན་ནའང་༢༠༡༣ལོར་དགུང་ལོ་༨༠ཡིན་པའི་ཉི་ཧོང་གི་རྒན་པོ་སན་ཕུའུ་ཞུང་དབྱི་ལིང་གིས་ཟིན་ཐོ་དེར་འགྱུར་བ་བཏང་།

ད་ལོ། དགུང་ལོ་༨༦ལོན་ཡོད་པའི་རྒན་པོ་ཤར་ཊན་གྱིས་སླར་ཡང་རི་བོ་ཇོ་མོ་གླང་མའི་ཕྱོགས་སུ་གོམ་ཁ་བསྒྱུར་ཏེ་འགྲུལ་བཞུད་གསར་པ་ཞིག་གི་འགོ་བརྩམ་རྒྱུ་ཡིན་པ་རེད།

སྤྱི་ཟླ་༤པའི་ཚེས་༡༢ཉིན། བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ། དགུང་ལོ་༨༦ཡིན་པའི་རྒན་པོ་རྨེན·པར་ཏིར་·ཤར་ཊན་གྱིས་ཡོ་ག་སྦྱོང་སྟེ་འཛམ་གླིང་གི་ཡང་རྩེ་རི་བོ་ཇོ་མོ་གླང་མའི་དབུ་རྩེར་འཛེག་པར་གྲ་སྒྲིག་བྱེད་བཞིན་པ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། ཀླུ་འབུམ།