ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

བུད་མེད་རྒས་མགྱོགས་པའི་ལོ་ཚོད་དང་རྒས་ཀ་སྲ་ཐབས།

2026-07-15 16:19:00     责编:卓玛才让

ལྗང་མྱུག་ལྟ་བུའི་བྱིས་དུས་དང་མེ་ཏོག་ལྟ་བུའི་གཞོན་ནུའི་ལང་ཚོ་མདང་གི་རྨི་ལམ་བཞིན་ཡལ་ནས་མི་ཚེའི་གསུམ་ཆ་གཉིས་ཀྱི་སྐས་རིམ་འགྲིམ་སྐབས། ང་ཚོས་ད་གཟོད་རང་ཉིད་ཀྱི་ངོ་གདོང་ལ་མི་སྡུག་པའི་གཉེར་མ་ཆགས་འོང་བ་དང་། མགོ་ཐོག་ལ་སྐྲ་དཀར་གྱི་འདབ་མ་སྐྱེས་བཞིན་པ་ཚོར་ནས། ད་ནི་རང་ཉིད་ལོ་ན་ཆུང་ཆུང་མིན་པར་ཕྱི་དྲོའི་ཉི་འོད་བཞིན་རིན་བཞིན་རྒས་འགྲོ་བར་སེམས་ཁྲལ་བྱེད་ཀྱི་ཡོད།

དོན་ངོ་མར། དུས་ཚོད་ཀྱི་ཆུ་ཀླུང་རིང་མོའི་ཁྲོད། འཇིག་རྟེན་ཐོག་གི་མི་སུ་འདྲ་ཞིག་ཡིན་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་ཐབས་བྲལ་ཞིང་། གཙོ་བོ་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་རང་བཞིན་དུ་རྒས་འགྲོ་བའམ་ཡང་ན་ཟས་སྤྱོད་གོམས་གཤིས་མ་ལེགས་པའི་དབང་གིས་གློ་བུར་དུ་རྒས་འགྲོ་བ་གང་ཡིན་དཔྱད་དཔོག་བྱེད་ཐུབ་པ་དགོས།

བུད་མེད་ཚོ་ལོ་ཚོད་འདི་གཉིས་ལ་རྒས་མགྱོགས་པོ་ཡོད།

ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། བུད་མེད་ཚོ་ལོ་30དང་ལོ་50ཡི་ལོ་ཚོད་གཉིས་ལ་རྒས་མགྱོགས་པ་ཧ་ཅང་མངོན་གསལ་དོད་པོ་ཡོད། ལོ་30ཡས་མས་སུ་རྒས་མགྱོགས་པ་གཙོ་བོ་ནི་བརྗེ་ཚབ་ཆུ་ཚད་ཀྱི་ཚིལ་རྫས་གསོག་འཇོག་དང་། གཤེར་རྩིའི་རིགས་ཇེ་ཉུང་དུ་འགྲོ་བའི་ཐོག་ནས་མངོན་གྱི་ཡོད། ལོ་50ཡས་མས་སུ་རྒས་མགྱོགས་པ་གཙོ་བོ་ནི་དབང་པོ་དང་། ཕྲ་ཕུང་། ཆ་རྡུལ་སོགས་རིམ་པ་མང་པོར་འགྱུར་ལྡོག་ཆེན་པོ་བྱུང་བའི་ཐོག་ནས་མངོན་གྱི་ཡོད། དེའི་ནང་ལོ་ཆེ་རུ་སོང་ཚད་དང་འབྲེལ་བ་ཡོད་པའི་དམིགས་ཚད་མང་པོ་ཞིག་གློ་བུར་དུ་འཕར་བའམ་ཡང་ན་གློ་བུར་དུ་ཆག་པ་ཚུད་ཡོད། དེས་མ་ཚད་ལོ་ཚོད་དེ་གཉིས་ནང་གི་ཟགས་ཐོན་ཆུ་ཚད་ལ་གཡོ་འགུལ་ཆེ་ཙམ་བྱུང་ནས་སྐུལ་རྩིའི་ཆུ་ཚད་ལ་འགྱུར་ལྡོག་འགྲོ་ཡི་ཡོད།

རྒས་ཀ་སྲ་བར་བྱེད་པའི་བྱ་ཐབས་ཁག་དྲུག

གནའ་ནས་ད་བར་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒས་འགྲོ་བ་སྔོན་འགོག་དང་། ཚེ་རིང་ནད་མེད་ཡོང་བའི་ཐབས་ཤེས་འཚོལ་བཞིན་ཡོད་པ་མ་ཟད། ཐ་ན་“འཆི་མེད་ཚེ་རིང་ཡོང་བའི་ལྷ་སྨན་རིལ་བུ་”ཞིག་ཀྱང་ཡོད་པའི་གཏམ་རྒྱུད་མང་དུ་གླེང་། འོན་ཀྱང་མིག་སྔའི་ལག་རྩལ་ཐད་ནས་བཤད་ན། “འཆི་མེད་ཚེ་རིང་ཡོང་བའི་ལྷ་སྨན་རིལ་བུ”ཟེར་བ་ཉིན་མོའི་རྨི་ལམ་ཙམ་ལས་མ་འདས་པས། དོན་དངོས་འཚོ་བའི་ནང་ཟས་སྤྱོད་སྤང་བླང་གི་གོམས་གཤིས་བཟང་པོ་སྐྱོང་ན་རྒས་ཀ་སྲ་བར་གྱུར་ནས་ཚེ་རིང་དུ་ཅུང་ཟད་བསྲིངས་ཐུབ།

1 སྔོ་ཚལ་དང་ཤིང་ཏོག་སོས་པའི་རིགས་མང་ཙམ་བཟའ་དགོས།

དཔེར་ན། པད་ཚལ་ཆུང་བ་དང་། ཁུའུ་ཀྭ། ཆུ་ལ་ཕུག་སོགས་སྔོ་ཚལ་སོས་པ་དང་། ཚ་ལུ་མ་དང་། སྤྲེལ་ཁམ། འབྲི་ཏ་ས་འཛིན་སོགས་ཤིང་ཏོག་སོས་པའི་ནང་འཚོ་བཅུད་Cཕུན་སུམ་ཚོགས་པོ་འདུས་ཡོད་པ་དེས་ལུས་ཀྱི་སྐྱི་པགས་རྒྱས་ཤིང་ལྡེམ་ཤུགས་ལྡན་པ་རྒྱུན་འཁྱོངས་བྱེད་ཐུབ། དུས་མཚུངས་སུ་འཚོ་བཅུད་Cནི་སྟོབས་དང་ལྡན་པའི་དབྱང་འགྱུར་འགོག་རྫས་ཤིག་ཡིན་པས། དེས་པགས་པར་སྲུང་སྐྱོབ་བྱས་ནས་རང་དབང་རྨང་གཞིའི་གནོད་འཚེ་མི་ཕོག་པ་བྱེད་ཐུབ་ལ། པགས་པར་རྨས་སྐྱོན་ཤོར་བ་ཇེ་ཉུང་དུ་གཏོང་ཐུབ།

གཞན་ཡང་། གོང་ལ་ཕུག་དང་། ཀྲོ་མ་ཀྲུ། པོ་ཚལ། ནན་ཀྭ། ཤིང་ཏོག་ཨ་མྲ། འབྲུ་སེའུ་སྔོན་པོ། འདྲེ་ཚེར་མ་སོགས་སྔོ་ཚལ་དང་ཤིང་ཏོག་མདོག་ཟབ་པའི་རིགས་མང་ཙམ་བཟའ་དགོས་ཤིང་། དེའི་ནང་དབྱང་འགྱུར་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པོ་ལྡན་པས་རྒས་ཀ་སྲ་བ་དང་གཉན་འགོག་ཀྱི་ནུས་པ་ཐོན་ཐུབ།

2 མངར་ཟས་རིགས་ཉུང་ཙམ་བཟའ་དགོས།

དཔེར་ན། ཁ་ཏོག་མངར་མོ་དང་། འཁྱགས་བག་བྱེ་རིལ། འོ་ཇ་སོགས་མངར་ཟས་རིགས་མང་པོ་ཟོས་ན་ལུས་པོའི་སྐྱི་པགས་མངར་འགྱུར་ལ་སྐུལ་འདེད་ཐེབས་ནས་པགས་པའི་ལྡེམ་ཤུགས་ཇེ་ཞན་དུ་འགྲོ་བ་མ་ཟད། པགས་པའི་མདོག་ནག་པོ་དང་སེར་པོར་གྱུར་བ་དང་། པགས་པར་ཁྲ་ཐིག་ཆགས་ནས་རྒས་སླ་པོ་ཡོད།

3 ཐ་མག་འཐེན་མི་རུང་།

ཐ་མག་འཐེན་ན་གཟུགས་པོར་གནོད་འཚེ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད། ལྷག་པར་དུ་ཐ་མག་འཐེན་ན་གློ་བའི་བདེ་ཐང་ལ་ཧ་ཅང་གནོད་འཚེ་ཆེན་པོ་ཡོད། ད་དུང་ཐ་མག་འཐེན་ན་ལུས་པོའི་སྐྱི་པགས་ལའང་གནོད་ཀྱི་ཡོད་པ་དེའི་མངོན་ཚུལ་གཙོ་བོ་ནི་སྐྱི་པགས་རྒས་མགྱོགས་སུ་འགྲོ་བ་དེ་ཡིན།

གཞན་ཡང་། ཐ་མག་འཐེན་ན་རང་དབང་རྨང་གི་འབྱུང་ཚད་ཇེ་མང་དུ་འགྲོ་བ་དང་། སྐྱི་པགས་ཀྱི་དབྱང་འགྱུར་འགོག་པའི་ནུས་པར་གཏོར་བརླག་ཐེབས་ནས་སྐྱི་པགས་རྒས་པ་ཇེ་མགྱོགས་སུ་འགྲོ་ཡི་ཡོད།

4 མཚན་འཁྱོངས་གཏོང་མི་རུང་།

ཞིབ་འཇུག་བྱས་པ་ལྟར་ན། མཚན་འཁྱོངས་མི་བྱེད་པའི་མི་དང་བསྡུར་ན་མཚན་འཁྱོངས་གཏོང་མཁན་མིའི་པགས་པའི་འགོག་ཡོལ་ལ་སྐྱོན་ཤོར་བའི་ཉེན་ཁ་དེ་བས་ཆེ་བ་ཡོད། དེའི་མངོན་ཚུལ་ནི་སྐྱི་པགས་གསེབ་ཀྱི་བརླན་གཤེར་ཉུང་དུ་སོང་བ་དང་བསྟུན་ནས་པགས་པའི་འོད་མདངས་ཉམས་ཀྱི་ཡོད། དེས་མ་ཚད་མཚན་འཁྱོངས་བཏང་ན་པགས་ཚིལ་འདུས་ཚད་མང་དུ་ཕྱིན་ནས་པགས་པ་ལྷུག་ལྷུག་ཆགས་ཀྱི་ཡོད།

5 འགུལ་སྐྱོད་མང་ཙམ་བྱེད་དགོས།

འགུལ་སྐྱོད་མང་ཙམ་བྱས་ན་གཞོན་བཟོ་དོད་དུ་འགྲོ་ཐུབ་པ་དང་། ལྷག་པར་དུ་དབྱང་ལྡན་འགུལ་སྐྱོད་ཀྱིས་རྒས་ཀ་སྲ་བ་དང་ནད་རིགས་སྔོན་འགོག་ལ་ཕན་ནུས་ཐོན་པ་མ་ཟད། ད་དུང་ལུས་ཁམས་ཀྱི་DNAཅ་ཅི་འགྱུར་ཚད་ལེགས་བཅོས་བྱེད་ཐུབ་པས། རབ་བྱུང་ན་གཟའ་འཁོར་རེར་ཉིན་5ལ་དབྱང་ལྡན་འགུལ་སྐྱོད་ཐེངས་རེར་སྐར་མ་30བྱེད་དགོས། དེ་དང་ཆབས་ཅིག་གཟའ་འཁོར་རེར་ཉུང་མཐར་ཡང་སྟོབས་ཤུགས་སྦྱོང་བརྡར་ཐེངས་2བྱེད་དགོས།

6 ཉི་འོད་འགོག་དགོས།

དུས་ཡུན་རིང་པོར་ལུས་པོར་ཉི་འོད་འཕྲོ་བ་ནི་སྐྱི་པགས་རྒས་མགྱོགས་སུ་གཏོང་བའི་ཕྱི་ཁུངས་རང་བཞིན་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། སྨུག་ཕྱིའི་འོད་ཐིག་མི་འདྲ་བ་རླབས་ཚད་གཞིར་བཟུང་རིགས་གསུམ་དུ་དབྱེ་བ་སྟེ། UVA(རླབས་རིང་སྨུག་ཕྱིའི་འོད་ཐིག)དང་། UVB(རླབས་འབྲིང་སྨུག་ཕྱིའི་འོད་ཐིག) UVC(རླབས་ཐུང་སྨུག་ཕྱིའི་འོད་ཐིག)བཅས་ཡིན།

 UVAཡིས་སྐྱི་པགས་ཉི་མས་འཚིག་ནས་ནག་པོར་འགྱུར་བ་དང་། གཉེར་མ་དང་ཁྲ་ཐིག་འབྱུང་སྲིད། 

 UVBཡིས་པགས་པ་འཚིག་ནས་དམར་པོར་འགྱུར་བ་དང་། འཚིག་རྨས་འབྱུང་བ།  པགས་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆེ་རུ་གཏོང་སྲིད། 

 UVCཡིས་མིའི་ལུས་པོའི་སྐྱི་པགས་ལ་ཐད་ཀར་གནོད་ཀྱི་མེད་ཀྱང་། དམིགས་བསལ་ཅན་གྱི་མིས་བཟོས་ཁོར་ཡུག་ནང་དུ་མིའི་སྐྱི་པགས་དང་མིག་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད། ། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

བུད་མེད་རྒས་མགྱོགས་པའི་ལོ་ཚོད་དང་རྒས་ཀ་སྲ་ཐབས།

ལྗང་མྱུག་ལྟ་བུའི་བྱིས་དུས་དང་མེ་ཏོག་ལྟ་བུའི་གཞོན་ནུའི་ལང་ཚོ་མདང་གི་རྨི་ལམ་བཞིན་ཡལ་ནས་མི་ཚེའི་གསུམ་ཆ་གཉིས་ཀྱི་སྐས་རིམ་འགྲིམ་སྐབས། ང་ཚོས་ད་གཟོད་རང་ཉིད་ཀྱི་ངོ་གདོང་ལ་མི་སྡུག་པའི་གཉེར་མ་ཆགས་འོང་བ་དང་། མགོ་ཐོག་ལ་སྐྲ་དཀར་གྱི་འདབ་མ་སྐྱེས་བཞིན་པ་ཚོར་ནས།