ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ལུས་པོ་ནས་རྔུལ་ཆུ་བཞུར་མང་ན་ཡག་རྟགས་མི་འདུག

2026-07-13 16:01:00     责编:卓玛才让

རྣམ་ཀུན་འཚོ་བའི་ནང་འགུལ་སྐྱོད་ཏོག་ཙམ་བྱས་མ་ཐག་ལུས་པོ་ནས་རྔུལ་ཆུ་བཞུར་སླ་བའི་མི་ཚོགས་མང་པོ་ཡོད་དེ། འགའ་ཤས་མགོ་བོ་ནས་རྔུལ་ཆུ་བཞུར་སླ་བ་དང་།  ལ་ཤས་སྣ་ཁུག་ནས་རྔུལ་ཆུ་བཞུར་སླ་བ། ཁག་ཅིག་ལག་མཐིལ་དང་རྐང་མཐིལ་ནས་རྔུལ་ཆུ་བཞུར་སླ་བ། ལ་ལ་བརླ་རྐང་བར་ནས་རྔུལ་ཆུ་བཞུར་སླ་བ་བཅས་རེད། གང་ལྟར་ནའང་། གསོ་རིག་སྨན་དཔྱད་མཁས་དབང་གིས་གོང་སྨྲོས་ལུས་པོའི་གནས་བཞི་དེ་དག་ནས་རྔུལ་ཆུ་བཞུར་སླ་ན། གཟུགས་པོར་གནད་དོན་ཡོད་པའི་རྟགས་སུ་ངོས་འཛིན་བྱེད་པས།  རྔུལ་ཆུ་བཞུར་སླ་བའི་ཁྱེད་རང་གིས་གཤམ་གསལ་གྱི་ནང་དོན་ལ་དོ་སྣང་གནང་རོགས།

1. མགོ་ནས་རྔུལ་ཆུ་བཞུར་སླ་བ། ལུས་ཁམས་ལ་བརླན་དང་ཚ་བ་རྒྱས་པའི་རྟགས། 

གཙོ་བོ་མགོ་དང་མཇིང་པ། དཔྲལ་ཐོད་བཅས་ནས་རྔུལ་ཆུ་བཞུར་མང་། མི་ཚོགས་འདི་རིགས་ནི་དུས་རྒྱུན་མངར་ཆ་དང་ཞག་ཚི་ཆེ་བའི་ཟས་རིགས་ཟ་རྒྱུར་དགའ་པོ་ཡོད།

མགོ་ནས་རྔུལ་ཆུ་བཞུར་བའི་རྒྱུ་རྐྱེན་ཧ་ཅང་མང་ཡང་། ཆེས་རྒྱུན་མཐོང་ནི་ལུས་ཁམས་ཀྱི་བརླན་དང་ཚ་བ། མེ་དྲོད་བཅས་མགོ་ཐོད་དུ་མཆེད་པའི་རྐྱེན་གྱིས་ཡིན། མགོ་བོ་ནས་རྔུལ་ཆུ་བཞུར་བ་དང་འབྲེལ་བ་ཡོད་པའི་དོན་སྣོད་ཀྱང་སྙིང་དང་། མཆིན་པ། ཕོ་བ་བཅས་གང་རུང་ཡིན་པས། དུས་ཐོག་ཏུ་སྨན་པ་བསྟེན་ནས་རྒྱུ་རྐྱེན་རྩད་གཅོད་བྱས་རྗེས་ སྨན་བཅོས་བྱེད་དགོས། 

2.ལག་མཐིལ་དང་རྐང་མཐིལ་ནས་རྔུལ་ཆུ་བཞུར་སླ་བ། མཁྲིས་པ་མེ་དྲོད་རྒྱས་པའི་རྟགས། 

མཁྲིས་པ་མེ་དྲོད་རྒྱས་པའི་མི་ཚོགས་ཀྱི་ལུས་པོའི་མཁྲིས་ཆུ་མི་འདང་ཞིང་།ཁོག་ནང་མེ་དྲོད་མཆེད་པ་དང་།   རྒྱུན་དུ་ལག་མཐིལ་དང་རྐང་མཐིལ་ནས་རྔུལ་ཆུ་བཞུར་སླ་བ་མ་ཟད།   ཁ་སྐམ་པ་དང་།  གཉིད་མི་ཁུག་པ།  སེམས་འཚབ་པ་དང་ཁོང་ཁྲོ་ཟ་སླ་བ། མཚན་མོར་ལུས་ནས་རྔུལ་ཆུ་བཞུར་མང་བ་བཅས་ཡིན། སྐབས་དེར་ཆུ་ཁམས་གསོ་ཞིང་ཚ་བ་སེལ་དགོས་པས། ཆེད་ལས་སྨན་པའི་མཛུབ་སྟོན་འོག་ཀྲེ་པའེ་ཏི་ཧོང་རིལ་བུ་(知柏地黄丸)གཏོང་དགོས།

3.བརླ་རྐང་བར་ནས་རྔུལ་ཆུ་བཞུར་སླ་བ། མཆིན་རྩར་བརླན་དང་ཚ་བ་རྒྱས་པའི་རྟགས།

ལུས་ཁམས་ཀྱི་བརླན་དང་ཚ་བའི་རླུང་ངན་མཆིན་རྩར་འདུས་པ་མ་ཟད། གཅིན་འབབ་སྐྱེ་འཕེལ་དབང་པོའམ་ལུས་སྨད་དུ་ཁྱབ་འགྱེད་བྱུང་བ་ཞིག་ཡིན་པ་དང་། མངོན་ཚུལ་ནི་མཚན་མ་བཞའ་ཚན་ཆེ་ཞིང་ཟ་འཕྲུག་ལངས་པ། གཅིན་པ་ཉུང་བ། གཅིན་པའི་ཁ་མདོག་སེར་པོ་ཡིན་པ། བཙོག་པ་འབྱར་བག་ཅན་སོགས་འབྱུང་བ་ཡིན། སྐབས་འདིར་ལུས་ཀྱི་ཚ་བ་དང་བཞའ་བརླན། མཆིན་པའི་མེ་དྲོད་སེལ་བ་སོགས་བྱེད་དགོས་ལ། ཆེད་ལས་སྨན་པའི་མཛུབ་སྟོན་འོག་ཀྲུང་ལུགས་སྨན་ལུང་དན་ཞེ་ཀན་རིལ་བུ་(龙胆泻肝丸) (བཅོས་ཡུན་བདུན་ཕྲག་གཉིས་ལས་མི་བརྒལ་བ་དང་། མཁལ་ནད་ཕོག་པའི་ནད་པས་སྤྱོད་མི་རུང་)སྤྱོད་དགོས། 

མི་ཚོགས་འདི་རིགས་ཀྱིས་བཟའ་བཏུང་ཁ་ཚ་བ་དང་། ཞག་ཚི་ཆེ་བ། མངར་ཟས་བཅས་འཛེམ་དགོས་ལ་ཆང་རག་འཐུང་མི་ཉན། 

4.སྣ་ཁུག་ནས་རྔུལ་ཆུ་བཞུར་སླ་བ། མཚེར་རླུང་དང་གློ་རླུང་ཞན་པའི་རྟགས།

སྣ་ཁུག་ནས་རྔུལ་ཆུ་བཞུར་བ་དེ་མཚེར་རླུང་དང་གློ་རླུང་ཞན་པ་དང་འབྲེལ་བ་ཡོད། མི་ཚོགས་དེ་རིགས་ལུས་པོ་སྐྱོ་ཞིང་དབུགས་ཧལ་སླ་བ་མ་ཟད། ནད་འགོག་ནུས་པ་ཅུང་ཞན་པས་ཆམ་པ་ཕོག་སླ་པོ་ཡོད།སྐབས་དེ་དུས་ལུས་ཟུངས་ཡག་པོ་གསོ་དགོས་ལ།  ཆེད་ལས་སྨན་པའི་མཛུབ་སྟོན་འོག་དབུགས་ནུས་གསོ་བའི་སྨན་བསྟེན་དགོས།

དོ་སྣང་བྱེད་དགོས་པའི་གནད་དོན།

 ཀྲུང་ལུགས་ཀྱི་སྨན་བདེན་རྫུན་དབྱེ་འབྱེད་ཡང་དག་བྱས་ནས་བེད་སྤྱོད་བྱེད་དགོས་པ་དང་། ཡུན་རིང་རྔུལ་ཆུ་བཞུར་མང་བའམ་ཡང་ན་ནད་རྟགས་གཞན་དཔེར་ན། ཤ་རིད་པ་དང་སྙིང་འཕར་བ་སོགས་ཡོད་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ལང་ཚོ་ཉམས་པའི་དུས་རིམ་དང་། ཨོལ་རྨེན་གྱི་བྱེད་ལས་ཚད་བརྒལ་ནད། གཅིན་པ་མངར་འགྱུར་ནད་སོགས་ཀྱིས་ཀྱང་རྔུལ་ཆུ་མང་པོ་བཞུར་སྲིད་པས་འབྲེལ་ཡོད་བརྟག་དཔྱད་འཐུས་ཚང་དུ་གཏོང་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

ལུས་པོ་ནས་རྔུལ་ཆུ་བཞུར་མང་ན་ཡག་རྟགས་མི་འདུག

རྣམ་ཀུན་འཚོ་བའི་ནང་འགུལ་སྐྱོད་ཏོག་ཙམ་བྱས་མ་ཐག་ལུས་པོ་ནས་རྔུལ་ཆུ་བཞུར་སླ་བའི་མི་ཚོགས་མང་པོ་ཡོད་དེ། འགའ་ཤས་མགོ་བོ་ནས་རྔུལ་ཆུ་བཞུར་སླ་བ་དང་། ལ་ཤས་སྣ་ཁུག་ནས་རྔུལ་ཆུ་བཞུར་སླ་བ།