ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

སྐེ་དང་རྐེད་པ་སྦོམ་ན། གཟུགས་པོ་ཐང་པོ་མེད་ཟེར།

2026-02-06 16:36:00     责编:卓玛才让

ཞིབ་འཇུག་བྱས་འབྲས་ལས་མངོན་པར། ལུས་ཀྱི་རྐེད་པ་དང་སྐེ་ཇི་ཙམ་སྦོམ་ན་དེ་ཙམ་གྱིས་བདེ་ཐང་གི་མངོན་མེད་ཉེན་ཁ་མང་པོ་ལྡན་ཡོད་ཅིང་། མི་ཚེའི་ཚེ་ཐག་ཀྱང་མི་གཞན་ལས་ཐུང་བ་ཡོད་པར་བཤད།

1 རྐེད་པ་ཇི་ཙམ་སྦོམ་ན་ཚེ་ཐག་དེ་ལྟར་ཐུང་།

རྐེད་པའི་སྦོམ་ཚད་ནི་ཁོག་པའི་ནང་གི་ཚི་ལུའི་གསོག་ཚད་འཇལ་བྱེད་ཀྱི་རྒྱ་མ་ལྟ་བུ་ཡིན།  རྐེད་པ་ཇི་ཙམ་སྦོམ་ན་ཁོག་པའི་ནང་དུ་ཚི་ལུ་དེ་རྩིས་ཀྱིས་མང་བས། ཐད་ཀར་ཤན་གླིང་རྒྱུ་(胰岛素)འགོག་པ་དང་ཁྲག་ཚིལ་མཐོ་བ། ཁྲག་ཤེད་མཐོ་བ་སོགས་བརྗེ་ཚབ་ཀྱི་ཕྱོགས་བསྡུས་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད། དེ་ནི་སྙིང་ཤ་རེངས་པ་དང་ཀླད་རྩ་འགག་པ་སོགས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་“མངོན་མེད་སྐུལ་འདེད་པ་”ཞིག་ཡིན། ཁོག་པའི་ནང་གི་ཚི་ལུ་ནི་ཡུན་རིང་བསྡད་དྲགས་པ་དང་འགུལ་སྐྱོད་མི་འདང་བ་སོགས་འཚོ་བའི་གོམས་གཤིས་དང་འབྲེལ་བ་དམ་ཟབ་ཡོད།

《ཀྲུང་ཧྭའི་ནད་ཡམས་རིག་པའི་དུས་དེབ》ཐོག་འཁོད་པའི་མི་ཁྲི་41དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱས་འབྲས་ལས་ཤེས་རྟོགས་བྱུང་བར། རྐེད་པ་ཇི་ཙམ་སྦོམ་ན་སྙིང་ནད་ཁྲག་གཟེར་(冠心病)དང་དོས་དྲག་པྲོག་རྩའི་ཕྱོགས་བསྡུས་ནད་ཕོག་སླ་བ་དང་། སྙིང་ནད་ཁྲག་གཟེར་གྱིས་འཆི་བའི་ཉེན་ཁ་དེ་རྩིས་ཀྱིས་ཆེ་བ་ཡོད།

ཀྲུང་གོའི་མིའི་རྐེད་པའི་སྦོམ་ཚད་ཀྱི་བདེ་ཐང་ཚད་གཞི་ནི་སྐྱེས་པ་90cmདང་། བུད་མེད་80cmཡིན་ཞིང་། ཚད་གཞི་དེ་ལས་བརྒལ་ན་གཟུགས་གཞིའི་བདེ་ཐང་ལ་གནོད་པ་ཆེ།

2 སྐེ་སྦོམ་ན་ནད་རིགས་སྣ་ཚོགས་ཕོག་པའི་ཉེན་ཁ་ཡོད།

སྐེ་སྦོམ་ན་མཇིང་པའི་པགས་འོག་གི་ཚི་ལུའམ་དབུགས་ལམ་མཐའ་འཁོར་གྱི་ཚི་ལུ་གསོག་ཚད་མང་པོ་ཡོད་པ་མཚོན་པས། ནད་རིགས་སྣ་ཚོགས་ཕོག་པའི་ཉེན་ཁ་ཡོད་པ་སྟེ། དཔེར་ན། ལྦ་བ་ཇེ་ཆེར་འགྲོ་བ་དང་ཁྲག་ཚིལ་ཇེ་མང་དུ་འགྲོ་བ། མཆིན་པ་ཚིལ་འགྱུར། ཁྲག་ཤེད་མཐོ་བ། སྙིང་ཁམས་ཁྲག་རྩའི་ནད། གཅིན་པ་མངར་འགྱུར་གྱི་ནད། གཉིད་ལོག་སྐབས་དབུགས་གཏོང་མཚམས་ཆད་པ། གློ་སྙིང་གི་ཐེག་ཤུགས་ཇེ་དམའ་རུ་འགྲོ་བ་སོགས་ཡིན།

མིའི་ལུས་པོའི་སྐེ་མཇིང་གི་སྦོམ་ཚད་ནི་སྐྱེས་པ་≤ལི་སྨི་38དང་། བུད་མེད་≤ལི་སྨི་35ཡིན་ཞིང་། ཚད་གཞི་དེ་ལས་བརྒལ་ན་གཟུགས་གཞིའི་བདེ་ཐང་ལ་གནོད་པ་ཆེ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

སྐེ་དང་རྐེད་པ་སྦོམ་ན། གཟུགས་པོ་ཐང་པོ་མེད་ཟེར།

ཞིབ་འཇུག་བྱས་འབྲས་ལས་མངོན་པར། ལུས་ཀྱི་རྐེད་པ་དང་སྐེ་ཇི་ཙམ་སྦོམ་ན་དེ་ཙམ་གྱིས་བདེ་ཐང་གི་མངོན་མེད་ཉེན་ཁ་མང་པོ་ལྡན་ཡོད་ཅིང་། མི་ཚེའི་ཚེ་ཐག་ཀྱང་མི་གཞན་ལས་ཐུང་བ་ཡོད་པར་བཤད།