སྐྲན་ནད་འགོག་པའི་ཟས་རིགས་ཁག་གསུམ།

སྐྲན་ནད་འགོག་པའི་ཟས་རིགས་ཁག་གསུམ།
ཞག་ཚིལ་དང་མངར་ཆ་མཐོ་བ། བསྙལ་མ་བཅས་ཀྱི་ཟས་རིགས་ཉུང་ཙམ་བསྟེན་དགོས་པ་དང་། སྔོ་ཚལ་དང་ཤིང་འབྲས། འབྲུ་རིགས། སྤུས་ལེགས་སྤྲི་དཀར་འདུས་ཚད་མཐོ་བ་བཅས་ཀྱི་ཟས་རིགས་མང་ཙམ་ཟ་དགོས་པ་དང་སྦྲགས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་ཚོད་འཛིན་བྱ་རྒྱུ་དེ་ང་ཚོའི་ལུས་པོར་སྐྲན་ནད་མ་ཕོག་པའི་བྱ་ཐབས་བཟང་པོ་ཞིག་ཡིན།
1 འཚོ་རྒྱུ་Cའདུས་ཚད་མཐོ་བའི་ཤིང་འབྲས།
འཚོ་རྒྱུ་Cའདུས་ཚད་མཐོ་བའི་ཤིང་འབྲས་ཟོས་ན། མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་ཆེར་འགྲོ་བ་དང་དབྱང་འགྱུར་འགོག་པར་ཕན་ནུས་ཐོན་ཐུབ། དབྱང་འགྱུར་ནི་ཕྲ་ཕུང་འབྲས་སྐྲན་དུ་འགྱུར་བའི་གོ་རིམ་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་ཐབས་ལམ་ཞིག་ཡིན་པས། འཚོ་རྒྱུ་Cའདུས་ཚད་ཅུང་མཐོ་བའི་རྒྱུན་མཐོང་གི་ཤིང་ཏོག་སྟེ། དཔེར་ན། ཁ་སུར་སོས་པ་དང་། སེ་འབྲུ། སྤྲེལ་ཁམ། ཚ་ལུམ། འབྲི་ཏ་ས་འཛིན། སེ་ཡབ་སོགས་མང་ཙམ་ཟོས་ན་ཕོ་བའི་འབྲས་སྐྲན་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།

2 ལོ་མའི་ལྗང་རྒྱུ་འདུས་ཚད་མཐོ་བའི་སྔོ་ཚལ།
སྔོ་ཚལ་གྱི་ནང་དུ་ལོ་མའི་ལྗང་རྒྱུ་འདུས་ཡོད་པས། དེ་དག་མཆིན་པའི་ནང་དུ་སྟིམ་རྗེས། རླམ་རྩི་སེར་པོའི་དུག་རྒྱུ་(黄曲霉毒素)ཡིས་རྒྱུད་འདེད་དངོས་རྫས་ལ་གནོད་འཚེ་གཏོང་བར་བཀག་འགོག་བྱེད་ཐུབ། དེའི་ཕྱིར་པོའོ་ཚལ་དང་། སྔོ་ཆུང་(芥蓝)ཧོ་ལན་སྲན་མ་སོགས་ཟོས་ན་མཆིན་པའི་འབྲས་སྐྲན་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།

3 བཟའ་བཅའི་ཚི་སྣ་འདུས་མང་བའི་གཙོ་ཟས།
བཟའ་བཅའི་ཚི་སྣ་ཡིས་རྒྱུ་མའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཐོན་པ་དང་ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་གོ་རིམ་ཁྲོད་སྔོན་འགོག་གི་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཞིབ་འཇུག་བྱས་འབྲས་ལས་ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བཅའི་ཚི་སྣ་འདུས་ཚད་མཐོ་བའི་ཟས་རིགས་ཟོས་ན་རྒྱུ་མའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཕོག་ཚད་ཅུང་དམའ་རུ་གཏོང་ཐུབ། དེས་ན་ང་ཚོས་རྣམ་ཀུན་འཚོ་བའི་ཁྲོད། ཡུག་པོ་(燕麦)དང་། རྩིང་འབྲས། སྲན་དམར། སྲན་ལྗང་སྐམ་པོ་སོགས་གང་ལྟར་བཟའ་བཅའི་ཚི་སྣ་འདུས་ཚད་མཐོ་བའི་གཙོ་ཟས་མང་ཙམ་ཟ་དགོས་པ་དེ་འཚོ་བའི་གོམས་གཤིས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















