ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

གོམས་གཤིས་བཞི་པོ་འདི་དག་གིས་སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

2025-09-12 09:33:00     责编:卓玛才让

རྒྱུན་གཏན་གྱི་འཚོ་བའི་ནང་།

སྣང་བ་མེད་པའི་གོམས་གཤིས་ཁག་ཅིག

ཁྱེད་རང་གི་དབུ་སྐྲ་འབུད་པའི་རྐྱེན་དུ་གྱུར་གྱི་ཡོད།

གཤམ་ལ་གོམས་གཤིས་དེ་དག་ཡོད་མེད་གཟིགས་ནས།

ཁྱེད་རང་གི་དབུ་སྐྲར་སྲུང་སྐྱོབ་གནང་དང་།

རྒྱུན་དུ་སྐྲ་དམ་པོ་བསླས་ན།

དབུ་སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

རིགས་གཅིག་མཁས་པས།

རྒྱུན་དུ་ལྷས་མ་རྒྱག་སྐབས་སྐྲ་དམ་པོ་བསླས་ན།

སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

གང་ལགས་ཤེ་ན།

སྐྲ་དམ་པོ་བསླས་པ་དེས་བ་སྤུའི་བུ་གར་

གནོད་འཚེ་ཐེབས་པས་རེད།

དེར་བརྟེན། བསླས་མ་དམ་པོ་རྒྱག་རྒྱུ་མེད་པར།

བ་སྤུའི་བུ་ག་བདེ་ཐང་ཡོང་བ་བྱེད་དགོས་

ཞེས་པའི་གྲོས་འགོ་བཏོན་འདུག 

སྐྲ་སྐམ་འཕྲུལ་ཆས་བེད་སྤྱོད་གཏོང་ནོར་ཤོར་བ་

དེས་ཀྱང་སྐྲ་ལ་གནོད་འཚེ་ཆེན་པོ་བཟོ་སྲིད།

སྐྲ་སྐམ་འཕྲུལ་ཆས་བེད་གཏོང་བར་ཡང་ཤེས་བྱ་མང་པོ་ཡོད།

དྲོད་རླུང་ཆེ་དྲགས་པའམ་ཡང་ན་

མགོ་ལྤགས་དང་ཐག་ཉེ་དྲགས་ན།

སྐྲ་སྐམ་ཤས་ཆེ་དྲགས་ནས་བ་སྤུའི་

བུ་གར་གནོད་འཚེ་བཟོ་སྲིད།

དེར་བརྟེན། སྐྲ་སྐམ་གྲབས་ཡོད་དུས་

གྲང་རླུང་དུ་བསྒྱུར་དགོས་པ་དང་།

དྲོད་རླུང་ཆེ་དྲགས་རྒྱུ་མེད་ལ་མགོ་སྤགས་དང་

ཐག་ཉེ་ཡང་དྲགས་རྒྱུ་མེད།

སྐྲ་ཤད་ཡག་པོ་ཞིག་འདེམ་རྒྱུ་དེའང་གལ་ཆེན་པོ་ཞིག་རེད།

མགྲོན་ཁང་ནང་གི་སྐྲ་ཤད་དེ་ཚོ་སྐྲ་ལ་གནོད་པོ་ཡོད།

སྐྲ་ཤད་དེ་རིགས་ལ་ཞི་གློག་ཐོན་སླ་བས།

མགོའི་སྐྱི་ལྤགས་ལ་གནོད་ནས།

སྐྲ་རྩུབ་པོ་ཆགས་སྲིད།

རྒྱུ་ཆའི་ངོས་ནས་བརྗོད་ན་ཤིང་གི་སྐྲ་ཤད་འདེམས་དགོས།

སྐྲ་ཤད་དེ་རིགས་ལ་ཞི་གློག་ཅུང་ཉུང་བ་ཐོན་གྱི་ཡོད།

སྐྲ་འབུད་མཁན་དང་སྐྲ་རིང་པོ་ཡོད་མཁན་ཚོས།

སོ་ཞེང་ཆེ་ཞིང་རྩེ་རྣོ་པོ་མེད་པའི་སྐྲ་ཤད་

བེད་སྤྱོད་བྱས་ན་འཚམས་པོ་ཡོད།

སྐྲ་ཤད་དེ་རིགས་ཀྱིས་མགོ་ལྤགས་ལ་

གནོད་ཚེ་ཆུང་བ་ཡོད།

སྐྲ་ཉུང་དུ་སོང་བ་དེ་ཡང་།

མངར་ཆ་ཆེ་བའི་འཐུང་བྱ་དང་འབྲེལ་བ་ཡོད།

མངར་ཆ་བསྡུས་ཆེ་བའི་འཐུང་བྱ་འཐུང་རྒྱུར་དགའ་བའི་གྲོགས་པོ་ཚོས་ཡིད་གཟབ་བྱེད་དགོས་པ་ཞིག་ལ།

མངར་ཆ་བསྡུས་ཚད་ཆེ་བའི་འཐུང་བྱས།

བུ་སྤུའི་བུ་གའི་བདེ་ཐང་ལ་གནོད་དེ་སྐྲ་འབུད་པའི་

ཉེན་ཁ་ཆེ་རུ་འགྲོ་སྲིད།

སྐྲ་སྐྱེས་འཁྲུད་རྫས་ཀྱིས་སྐྲ་སྐྱེ་ཐུབ་བམ།

རིགས་གཅིག་མཁས་པས།

སྐྲ་སྐྱེས་འཁྲུད་རྫས་ལ་སྐྲ་སྐྱེ་བའི་ནུས་པ་དེ་ཙམ་མེད།

སྐྲ་འཁྲུད་རྫས་ནི་གཙོ་བོ་མགོ་ལྤགས་དང་

སྐྲ་ལོ་གཙང་འཁྲུད་བྱེད་པ་དང་།

ཞག་ཚི་དང་འབྲུ་ཕྲ་སོགས་བཙོག་པའི་

རིགས་འཁྲུ་བྱེད་ཙམ་ཡིན།

སྐྲ་སྐྱེ་བར་ཕན་འདོགས་ཡོད་པའི་རྫས་རྒྱུ་བླུགས་ཡོད་ནའང་།

འདུས་ཚད་ཤིན་ཏུ་ཉུང་བས།

མགོ་ལྤགས་དང་བ་སྤུའི་བུ་གའི་ནང་སིམ་ནས།

སྐྲ་སྐྱེ་རྒྱུར་ཕན་པའི་ནུས་པ་སྤྱིར་ན་མེད།

གལ་སྲིད། ཁྱེད་ལ་སྐྲ་འབུད་པའི་གནས་ཚུལ་འཕྲད་ན།

གཞུང་གཉེར་སྨན་ཁང་དུ་སོང་ནས་

ནད་བརྟག་སྨན་བཅོས་གནང་རོགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

གོམས་གཤིས་བཞི་པོ་འདི་དག་གིས་སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

རྒྱུན་གཏན་གྱི་འཚོ་བའི་ནང་། སྣང་བ་མེད་པའི་གོམས་གཤིས་ཁག་ཅིག ཁྱེད་རང་གི་དབུ་སྐྲ་འབུད་པའི་རྐྱེན་དུ་གྱུར་གྱི་ཡོད། གཤམ་ལ་གོམས་གཤིས་དེ་དག་ཡོད་མེད་གཟིགས་ནས། ཁྱེད་རང་གི་དབུ་སྐྲར་སྲུང་སྐྱོབ་གནང་དང་། རྒྱུན་དུ་སྐྲ་དམ་པོ་བསླས་ན། དབུ་སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད། རིགས་གཅིག་མཁས་པས། རྒྱུན་དུ་ལྷས་མ་རྒྱག་སྐབས་སྐྲ་དམ་པོ་བསླས་ན། སྐྲ་འབུད་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།