ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶གསེར་གྱི་རྒྱན་ཆའི་རིན་གོང་ཆེན་པོ་འཕར་འདུག

2023-09-12 17:18:00     责编:娜科

 

ཉེ་ལམ། རྒྱལ་སྤྱིའི་གསེར་གྱི་རིན་གོང་མངོན་གསལ་གྱིས་འཕར་ཞིང་།རྒྱལ་ནང་གི་གསེར་སིལ་ཚོང་རིན་གོང་ཡང་དེ་དང་ཆབས་ཅིག་ཏུ་འཕར་ཡོད།  འོན་ཀྱང་འཛད་སྤྱོད་པའི་སྤྲོ་སེམས་སྔར་བཞིན་ཆེ།

ད་ལོའི་གསེར་གོང་དཔྱིད་གསར་དུས་ཆེན་རྗེས་སུ་འཕར་བ་ལས་ཆག་པ་ཉུང་། གསེར་གྱི་རྒྱན་ཆའི་རིན་གོང་ཁེ་རེ་ལ་སྒོར་580ཡས་མས་རེད། ཀོང་ཀྲོའུ་གཡོད་ཤིའུ་ཁུལ་གྱི་བརྒྱ་ཟོག་ཚོང་ཁང་ཞིག་ཏུ། རྒྱན་ཆའི་རིགས་གསེར་གྱི་རིན་གོང་ཁེ་རེ་ལ་སྒོར་603དང་མ་དངུལ་གཏོང་ཚད་ཁེ་རེ་ལ་སྒོར་466.9རེད།འོན་ཀྱང་ཚོང་ཁང་དུ་སྔར་བཞིན་སྐུ་མགྲོན་མི་ཉུང་བ་ཞིག་འདུག


 

ཀོང་ཏུང་ཀོང་ཀྲོའུ་ཡི་གྲོང་མི་ཞིག་གིས། ད་ལྟ་གསེར་གྱི་རིན་གོང་མཐོ་ནའང་། གཉེན་སྒྲིག་སྐབས་ངེས་པར་དུ་གསེར་ཉོ་དགོས། སྔོན་རྩིས་བྱས་ན་སྒོར་ཁྲི་གཉིས་གསུམ་ཙམ་དགོས་རྒྱུ་རེད་ཟེར།

ཁྲོམ་རའི་ཕྱིར་ཚོང་སྤྱི་གཉེར་པས།ད་ལོའི་སྤྱི་ཟླ་7པ་ནས་ཉེ་ལམ་གྱི་ཟླ་གཉིས་ལྷག་ཙམ་གྱི་རིང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་གསེར་ཕྱིར་ཚོང་བྱེད་ཚད་བཅུ་ཆ་གཉིས་འཕར་བ་དང་།གསེར་གྱི་རིན་གོང་མཐོ་རུ་ཕྱིན་པར་བརྟེན་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་ནས་ཁེ་རེར་སྒོར་30ཇེ་དམའ་རུ་བཏང་སྟེ་སྔར་ལས་མང་བའི་སྐུ་མགྲོན་འགུགས་བཞིན་ཡོད། དེ་མིན། ཉེ་ཆར་རིན་གོང་མཐོ་བའི་སྐབས་སུ་གསེར་ཉོ་མཁན་སྔར་བཞིན་ཇེ་ཉུང་དུ་སོང་མེད་ཅེས་བརྗོད།

 

 

མིག་སྔར། གསེར་གྱི་རྒྱན་ཆ་ཉོ་མཁན་དང་དངུལ་གཏོང་གསེར་གྱི་ཁེ་རེའི་རིན་གོང་གི་ཧེ་བག་སྒོར་བརྒྱ་ལས་བརྒལ་ཡོད་པ་དང་ཉོ་སྒྲུབ་རིན་གོང་ཆ་སྙོམས་ངང་ཁེ་རེར་སྒོར་450ཡས་མས་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྙན་དབྱངས།

中央广播电视总台 央广网 版权所有

▶གསེར་གྱི་རྒྱན་ཆའི་རིན་གོང་ཆེན་པོ་འཕར་འདུག

མིག་སྔར། གསེར་གྱི་རྒྱན་ཆ་ཉོ་མཁན་དང་དངུལ་གཏོང་གསེར་གྱི་ཁེ་རེའི་རིན་གོང་གི་ཧེ་བག་སྒོར་བརྒྱ་ལས་བརྒལ་ཡོད་པ་དང་ཉོ་སྒྲུབ་རིན་གོང་ཆ་སྙོམས་ངང་ཁེ་རེར་སྒོར་450ཡས་མས་རེད།